མཐོ་རམས་ཡོན་གནས་འཛིན་གྲྭ་ངོ་སྤྲོད།

སྤེལ་དུས། 2016-09-01   

  མཐོ་རམས་ཡོན་གནས་འཛིན་གྲྭས2004ལོ་ནས་སློབ་མ་བསྡུ་མགོ་བཙུགས་ཤིང་། སྐབས་དང་པོ་ནས་དྲུག་པའི་བར་གྱི་སློབ་ཡུན་ནི་ལོ་གཅིག་ཡིན། བསྡུ་བྱའི་སློབ་མ་ནི་ཀྲུང་གོ་གུང་ཁྲང་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་དང་། ཁྲིམས་སྲོལ་བརྩི་སྲུང་། ཚུལ་མཐུན་ཁྲིམས་གཙང་བཅས་ཡིན་ཞིང་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་མཐར་ཕྱིན་པའི་གྲྭ་བཙུན་ཐོ་ཁུངས་སུ་ཡོད་པ་ཡིན་དགོས་ལ་ལོ་ལྟར་སློབ་མ་བསྡུ་བཞིན་ཡོད།
  སྤྱི་ལོ2009ལོའི་སྐབས་བདུན་པ་ནས་བཟུང་སློབ་ཡུན་ལོ་གཉིས་ལ་སྤར་ཞིང་། བསྡུ་བྱའི་སློབ་མ་ནི་ཀྲུང་གོ་གུང་ཁྲང་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་དང་། ཁྲིམས་སྲོལ་བརྩི་སྲུང་། ཚུལ་མཐུན་ཁྲིམས་གཙང་བཅས་ཡིན་ཞིང《ཚད་མ》《ཕར་ཕྱིན》《དབུ་མ》《མཛོད》བཅས་ཀྱི་སློབ་གཉེར་མཐར་ཕྱིན་ཞིང་དེ་འབྲེལ་གྱི་རིག་གནས་ཆུ་ཚད་དང་རྩོམ་འབྲིའི་ནུས་པ་ཡོད་པ་ལ། ལོ་ཚད་སོ་ལྔ་ཡན་དང་སྐུ་གཟུགས་བདེ་ཐང་ཡིན་པའི་ཐོ་ཁུངས་ཡོད་པའི་གྲྭ་བཙུན་ཡིན་དགོས། ལོ་རེར་སྐབས་རེ་བསྡུ་བཞིན་ཡོད་ཅིང་། སྤྱི་ལོ2013ལོའི་བར་སྐབས་བཅུ་གཅིག་བསྡུས་ཟིན་པ་རེད།
  སློབ་ཡུན་ལོ་གཉིས་ཡིན་པའི་སྐབས་སུ་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཅིག་བསྡུས་སྒོ་ནས་སློབ་སྦྱོང་བྱེད་ཡུན་ཟླ་བ་བཅུ་གཉིས་ཡན་ལོངས་དགོས་པ་དང་། གུང་གསེང་ལ་རང་རང་གི་དགོན་པར་ལོག་ནས་སློབ་གཉེར་རྒྱུན་མཐུད་དང་མཐར་ཕྱིན་དང་ཡོན་གནས་དཔྱད་རྩོམ་ལ་གྲྭ་སྒྲིག་བྱེད་དགོས། སློབ་གྲྭ་ནས་སློབ་སྦྱོང་བྱ་་བའི་ནང་དོན་གཙོ་བོ་ཕྱོགས་གསུམ་ཡོད་དེ། ཆོས་ཕྱོགས་ནས《འདུལ་བ》གཙོ་བོར་སྦྱོང་བ་དང་། ཁྲིམས་ལུགས་ཁྲིམས་སྲོལ་དང་སྤྱི་ཚོགས་རྒྱུན་ཤེས་ཐད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》བཅས་དང་། གཞན་ཡང་ཆོས་ལུགས་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་དང་། རང་རྒྱལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་བའི་གནས་བབ་དང་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་སོགས་ཡིན། རིག་གནས་ཚན་རྩལ་གྱི་ཤེས་བྱའི་ཐད་ནས་རྒྱ་ཡིག་དང་རྩིས་འཁོར་བེད་སྤྱོད། བོད་ཀྱི་བྲིས་་དང་དཔྱད་རྩོམ་འབྲི་ཐབས་སོགས་སྦྱོང་བ་ཡིན།
  མཐོ་རམས་ཡོན་གནས་འཛིན་གྲྭར་ལོ་རེར་མི་བཅུ་གཉིས་ནས་བཅུ་གསུམ་བར་བསྡུ་བཞིན་ཡོད་པ་དང་། ལོ་རེར་མི་བཅུ་གཅིག་ལ་མཐོ་རམས་པའི་ཡོན་གནས་སྤྲོད་བཞིན་ཡོད་ཅིང་། རྒྱུགས་འབྲས་ཐ་མ་ལ་ཡོན་གནས་སྤྲོད་བཞིན་མེད།
  མཐོ་རམས་ཡོན་གནས་ཐོབ་པའི་ཆ་རྐྱེན་ནི་མཐོ་རམས་ཡོན་གནས་འཛིན་གྲྭའི་སློབ་མ་ལས་སློབ་སྦྱོང་གི་སྦྱངས་འབྲས་དང་ཕྱོགས་ཡོངས་ཀྱི་སྦྱངས་འབྲས་ལེགས་པ་དང་ཡོན་གནས་རྩོད་རྒྱུགས་དང་དཔྱད་རྩོམ་དམ་བཅའ་ཚད་ལོན་དགོས་པ་ཡིན།
  སྤྱི་ལོ2004ལོ་སྐབས་དང་པོ་བསྡུས་པ་དང་། སྤྱི་ལོ2005ལོར་སྐབས་དང་པོ་མཐར་ཕྱིན་པ་ནས་ད་ལྟའི་བར་ལ་ཁྱོམ་བསྡོམས་སྐབས་བརྒྱད་ཀྱི་སློབ་མ88ལ་མཐོ་རམས་པའི་ཡོན་གནས་ཐོབ་ཡོད།