ནང་བསྟན་སློབ་གླིང་གིས2016ལོའི་སློབ་མ་གསར་པ་ཡུན་ཀང་བྲག་ཕུག་དང་རི་བོ་རྩེ་ལྔར་ལྟ་སྐོར་དུ་བསྐྱོད་པ།

སྤེལ་དུས། 2017-01-23   

          2016ལོའི་སློབ་ཁྲིད་འཆར་གཞི་དང་། མཐོ་རིམ་ནང་བསྟན་སློབ་གླིང་གི2016ལོའི་ཟླ10པར་ཚེས8ཉིན་ནས་ཚེས10ཉིན་བར་སྐབས་བཅོ་ལྔ་བའི་མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་མ་དང་། དཔེ་ཆའི་དགེ་རྒན། འཛིན་གྲྭའི་ཀྲུའུ་རེན་བཅས་ཁྱོན་བསྡོམས་མི་སྣ49རི་བོ་རྩེ་ལྔ་དང་། ཏ་ཐུང་ལ་བལྟ་སྐོར་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་པ་རེད།

སློབ་མ་རི་བོ་རྩེ་ལྔར་ཡོད་པ།
          ཟླ་བཅུ་པའི་རི་བོ་རྩེ་ལྔར་ཁ་བ་ཆེན་པོ་ཞིག་བབས་ཏེ་ཅུང་འཁྱགས་པར་སྣང་ནའང་། སྟོན་མཇུག་གི་ནམ་ཟླ་བསིལ་ཞིང་ཉི་འོད་བཀྲག་མདངས་འཚེར་བས་ཀུན་ལ་ས་མཐོའི་ཕ་ཡུལ་དུ་ལོག་པའི་ཚོར་བ་སྟེར།
སློབ་མ་རྣམས་ཀྱིས་རི་བོ་རྩེ་ལྔ་དྲན་རྟེན་མཉམ་པར་བསྐྱོན་པ།
          ལྟ་སྐོར་ཚོགས་པས་སྔ་རྗེས་སུ་རི་བོ་རྩེ་ལྔའི་ལྷ་རིའ་ཕུའུ་ཅི་དགོན་དང་ཤར་རིའི་ཝང་ཧའེ་དགོན་ལ་མཆོད་མཇལ་གནང་པའི་དུས་མཚུངས་སུ་རི་བོ་རྩེ་ལྔའི་ཤན་ཐུང་དགོན། ཀོང་རེན་དགོན། སྤྱན་རས་གཟིགས་ཀྱི་བྲག་ཕུག་སོགས་ཆོས་ལུགས་བྱེད་སྒོ་སྤེལ་སར་མཆོད་མཇལ་གནང་པ་རེད།
སློབ་མ་རྣམས་ཀྱིས་ཡུན་ཀང་བྲག་ཕུག་ལ་ལྟ་སྐོར་གནང་པ།
          ཕྱིར་པེ་ཅིང་དུ་ལོག་པའི་ལམ་བར་དུ་ཏ་ཐུང་གྲོང་ཁྱེར་གྱི་ཡུན་ཀང་བྲག་ཕུག་ལྟ་སྐོར་གནང་པ་རེད། ཡུན་ཀང་བྲག་ཕུག་ནི་ཧྲན་ཞི་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་གྱི་ནུབ་འདབས་ཝུའུ་ཀྲུའུ་རི་བོའི་ལྷོ་རྒྱུད་དུ་ཆགས་ཡོད་ཅིང་། བྲག་ཕུག་ནི་རི་རྒྱུད་ལྟར་ཆགས་ཤིང་།  ཤར་ནུབ་ཕྱོགས་ལ་སྤྱི་ལེ་1 ཙམ་གྱིས་ཆོད་ཡོད། དེ་གར་བྲག་ཕུག་གཙོ་བོ་45 ཡོད་པ་དང་། བྲག་ཕུག་ལྷ་ཁང་ཆེ་ཆུང252 ཡོད་པ།  རྡོ་བརྐོས་སྐུ་བརྙན51000ཡོད་ལ། དེ་ནི་ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་གནའ་བོའི་བྲག་ཕུག་ཚོགས་ཀྱི་གྲས་ཤིག་ཡིན་ལ།  ་ཏུན་ཧོང་སངས་རྒྱས་སྟོང་སྐུའི་བྲག་ཕུག་དང་། ལུའོ་དབྱང་ལུང་མེན་བྲག་ཕུག ཐན་ཧྲེའི་མེ་ཅེ་རི་བོའི་བྲག་ཕུག་བཅས་ནི་ཀྲུང་གོའི་བྲག་ཕུག་སྒྱུ་རྩལ་བང་མཛོད་ཆེན་མོ་བཞིར་འབོད་པ་རེད།
སློབ་མ་རྣམས་ཀྱིས་ལྷ་སྐུ་ཆེན་མོའི་མདུན་མཉམ་པར་བསྐྱོན་པ།
          ལྟ་སྐོར་བྱས་པ་བརྒྱུད། དགེ་སློབ་རྣམས་ནི་རི་བོ་རྩེ་ལྔའི་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་འཆམ་མཐུན་མཉམ་གནས་དང་། རྒྱ་བོད་སོག་མི་རིགས་ཁག་གི་དགེ་འདུན་པ་དག་འཆམ་མཐུན་མཉམ་གནས་ཀྱི་རྣམ་པས་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་ལ། རྒྱ་བརྒྱུད་ནང་བསྟན་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་གཏིང་ཟབ་ཏུ་ཕྱིན་པ་རེད། འཛིན་གྲྭའི་ཀྲུའུ་རེན་ཀརྨ་བདེ་ཆེན་གྱིས“ ཡུན་ཀང་བྲག་ཕུག་ཀྱི་སྐུ་བརྙན་མང་ཆེ་ཤོས་ནི་བོད་བཙན་པོའི་རྒྱལ་རབས་སྔོན་ལ་བྱུང་པ་ཡིན་ལ། སྐབས་དེར་ནང་བསྟན་ད་དུང་བོད་དུ་དར་མེད་པས། ད་རེས་ཀྱི་གཟིགས་སྐོར་གྱིས་ང་ལ་མཐོང་རྒྱ་བསྐྱེད་པར་བྱས་སོང་”ཞེས་བརྗོད་བྱུང་།