ཡོན་གནས་ཞིབ་དཔྱད་དང་ཡོན་གནས་སྤྲོད་སྟངས།

སྤེལ་དུས། 2016-08-30   

  བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་སྤྲོད་སྟངས་རྒྱུ་ཚད་ལྡན་དུ་གཏོང་པའི་ཆེད་དུ། སློབ་མ་རང་གི་ཐོབ་ཐང་ཞིབ་བཤེར་དང་། ཕྱོགས་བསྡུས་རྒྱུགས་འབྲས། དམ་བཅའི་རྒྱུགས་འབྲས། དཔྱད་རྩོམ་བགྲོ་གླེང་གི་རྒྱུགས་འབྲས་བཅས་གཞིར་བཟུང་ནས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཚོགས་འཛོམས་གྲོས་ཚོགས་སྟེང་སློབ་མ་རེ་རེ་བཞིན་གཞུང་བཀའ་པོད་ལྔའི་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཚད་ལ་གྲོས་ཞིབ་དཔྱད་ནས། མཚན་རྟགས་མ་འགོད་པའི་ཡི་གེ་འཕེན་པའི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། ཡི་གེའི་སུམ་ཆའི་གཉིས་ཡན་ཟིན་པ་ལ་ཡོན་གནས་སྤྲད་ཆོག་པའི་སློབ་མའི་གྲས་སུ་བཞག་ནས་དེ་དོན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་སྙན་ཞུ་ཕུལ་ཏེ་སློབ་གླིང་གིས་མཐོ་རམས་པའི་ཡོན་གནས་སྤྲད་ཆོག་མིན་གྲོས་ཐག་གཅོད་བཞིན་ཡོད། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་གནས་ཚུལ་གཞིར་བཟུང་སྟེ་ཚད་ལྡན་གྱི་སློབ་མར་མཐོ་རམས་པའི་ཡོན་གནས་སྤྲད་རྒྱུའི་གཏན་འབེབས་བཟོས་རྗེས། བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་སྤྲོད་རྒྱུའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཏེ་མཐོ་རམས་པའི་ཡོན་གནས་དང་ཡོན་གནས་དཔང་ཡིག་སྤྲོད་བཞིན་ཡོད།