ནང་བསྟན་སློབ་གླིང་གིས་སི་ཁྲོན་རྔ་བ་ཁུལ་སྣང་ཞིག་དགོན་དུ་བོན་པོའི་རྒྱུགས་ར་བཀོད་སྒྲིག་གི་བརྡ་ཐོ།

སྤེལ་དུས། 2017-03-21   

          2017ལོར་ངེད་སློབ་གླིང་གིས་སྐབས་བཅུ་དྲུག་པའི་མཐོ་རམས་པའི་སློབ་མ་བསྡུ་རྒྱུ་དང་། འདིར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྣང་ཞིག་དགོན་དུ་བོན་པོའི་རྒྱུགས་ར་གཅིག་བཀོད་སྒྲིག་བྱ་རྒྱུ་ཡིན་པས། སི་ཁྲོན་དང་མཚོ་སྔོན། ཀན་སུའི་བཅས་ཞིང་ཆེན་གསུམ་གྱི་རྒྱུགས་ལ་ཞུགས་མཁན་གྱི་བོན་པོའི་དགེ་འདུན་པ་རྣམས་སྤྱི་ཟླ་5བའི་ཚེས་23ཉིན་ལ་ཐོ་འགོད་བྱ་རྒྱུ་དང་། སྤྱི་ཟླ་5བའི་ཚེས་24ནས་26བར་སྣང་ཞིག་དགོན་ནས་རྒྱུགས་སྤྲོད་དངོས་ལ་ཞུགས་རྒྱུ། རྒྱུགས་ལ་ཞུགས་པའི་དགེ་འདུན་པ་རྣམས་ཀྱིས་ངེས་པར་དུ་རང་ཉིད་གནས་སའི་རྫོང་ངམ་རྫོང་རིམ་པ་ཡན་གྱི་འཐབ་ཕྱོགས་གཅིག་འགྱུར་པུའུ་འམ་ཡང་ན་ཆོས་ལུགས་སྡེ་ཁག་ནས་ཆོག་མཆན་བྱུང་བའི་ཡིག་ཆ་དང་རང་དགོན་པའི་འོས་སྦྱོར་ཡི་གེ སྤྱི་དམངས་ཐོབ་ཐང་ལག་ཁྱེར། ཆོས་ལུགས་མི་སྣའི་ལག་འཁྱེར།(སྤྲུལ་སྐུའི་ལག་འཁྱེར་) སྐུ་པར་ཚིན་གཅིག་ཅན་གསུམ་བཅས་བསྣམས་ཏེ་ཕེབས་དགོས། རྒྱུགས་སྤྲོད་ཀྱི་འབྲེལ་ཡོད་བླང་བྱ་ཁག་《ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་2017ལོའི་སློབ་མ་བསྡུ་བའི་སྒྲིག་ཡིག》ལ་གཟིགས་རོགས།
          འབྲེལ་གཏུགས་བྱ་ཡུལ།      དཀོན་མཆོག
          འབྲེལ་གཏུགས་ཁ་པར།     010-58334623      18910877506
          ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སློབ་བསྡུ་ཁང་གིས།
སྤྱི་ལོ་2017ལོའི་ཟླ་3པའི་ཚེས་15ཉིན།