བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བ་ཕུལ་བྱུང་སློབ་ཐོན་བྱུང་བའི་སྐོར།

སྤེལ་དུས། 2016-09-06   

  2016ལོའི་ཟླ5པར་། ཀྲུང་་གོ་བོད་བརྒྱུད་མཐོ་རིམ་་ནང་བསྟན་སློབ་གླིང་དུ་སྐབས་བཅུ་གཉིས་པའི་མཐོ་རམས་པའི་ཡོན་གནས་དང་སྐབས་བཞི་པའི་འབྲིང་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་་གཉེར་བ་རེད། སློབ་མ་14ལ་མཐོ་རམས་པའི་ཡོན་གནས་ཐོབ་པ་དང་། སློབ་མ་22ལ་འབྲིང་རམས་པའི་ཡོན་གནས་ཐོབ་པ་རེད།
  བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལ་ཕྲ། འབྲིང་། མཐོ་གསུམ་དབྱེ་ཡོད་དེ། ཕྲ་རམས་པ་(དངོས་གཞིའི་ཡོན་གནས་དང་ཆ་མཚུངས།) དང་། འབྲིང་རམས་པ་(ཞིབ་འཇུག་སློབ་མའི་ཡོན་གནས་དང་ཆ་མཚུངས་)མཐོ་རམས་པ(འབུམ་རམས་པའི་ཡོན་དང་ཆ་མཚུངས་)བཅས་རེད། དེའི་ཐོག་ནས་ད་ལོ་པེ་ཅིན་དགོན་སེར་ནུབ་་མའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འབྲིང་རམས་པ་དང་མཐོ་རམས་པའི་ཡོན་གནས་ཐོབ་པའི་དཔེ་ཆ་བ་ཚོའི་ངོས་ནས་བརྗོད་ན་ཕུལ་དུ་བྱུང་བའི་དཔེ་ཆ་བ་ཤ་སྟག་རེད། བོད་བརྒྱུད་ནང་བསྟན་གྱི་ཕུལ་དུ་བྱུང་བའི་དཔེ་ཆ་བ་ཞིག་ཏུ་གྱུར་བར་ལས་སླ་པོ་གཏན་ནས་མེད།
    ཕུལ་དུ་བྱུང་བའི་་དཔེ་ཆ་བ་ཞིག་ཆགས་པར་ལས་སླ་པོ་མེད།
  གཏན་འབེབས་གཞིར་་བཟུང་བོད་བརྒྱུད་ནང་བསྟན་གྱི་དམའ་འབྲིང་མཐོ་གསུམ་གྱི་ཡོན་གནས་ནི་དགོན་སྡེ་སོ་སོའི་དཔེ་ཆའི་འཛིན་གྲྭ་དང་། ཞིང་ཆེན་རིམ་པའི་ནང་བསྟན་སློབ་གླིང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསུམ་ནས་་གསོ་སྐྱོང་ཡོན་་གནས་སྤྲོད་ཀྱི་ཡོད། དེ་དག་གི་ཁྲོད་ནས་མཐོ་རམས་་པའི་ཡོན་གནས་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སྤྲོད་ཀྱི་ཡོད།
  ཕུལ་དུ་བྱུང་བའི་དཔེ་ཆ་བ་ཞིག་ཏུ་་གྱུར་བར་ལས་སླ་པོ་གཏན་ནས་མེད། སློབ་བསྡུ་དང་སློབ་ཐོན་་ཡིག་རྒྱུགས་ཁོ་ནའི་ངོས་ནས་བརྗོད་ནའམ་ཤིན་ཏུ་དཀའ་ཚེགས་ཆེ་བ་ཞིག་རེད།  སློབ་གཉེར་བ་ཚོ་མཐོ་རིམ་ནང་བསྟན་སློབ་གླིང་དུ་མིང་མཐོ་སྤོ་སྐབས་ངེས་པར་དུ་དགོན་སྡེར་ལོ་15ཡོན་གྱི་སློབ་གཉེར་བྱས་ཟིན་པ་དང་། སྒྲིག་བཀུར་ཁྲིམས་སྲུང་། ཀུན་སྤྱོད་གཙང་བ། སློབ་གཉེར་ཧུར་བརྩོན་བཅས་ལྡན་དགོས་པ་དང་། མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་དང་བདེ་བླག་ངང་སློབ་མཐར་ཕྱིན་རྗེས་གཞི་ནས་ཡོན་་གནས་རེ་ཞུ་བྱས་ཆོག ཐོབ་ཐང་དཔྱད་ཞིབ་བྱས་པ་་བརྒྱུད་ཉིན་ཁ་ཤས་རིང་རྩོད་རྒྱུགས་ནང་ཞུགས་དགོས།
  རྩོད་རྒྱུགས་ནི་ཕན་ཚུན་རྩོད་གླེང་གི་རྣམ་པའི་ཐོག་ནས་ནང་བསྟན་གཞུང་ལུགས་ཀྱི་མཁྱེན་རྒྱ་ཟབ་ཏུ་གཏོང་བ་དང། བོད་བརྒྱུད་ནང་བསྟན་གྱི་མདོ་ཕྱོགས་སློབ་གཉེར་བྱེད་པའི་སྲོལ་རྒྱུན་གྱི་སློབ་གཉེར་བྱེད་སྟངས་ཤིག་རེད། འདི་ལོ་ཡོན་་གནས་རེ་ཞུ་བྱེད་མཁན་གྱི་སློབ་གཉེར་བ་ཚོས་ཉིན་ལྔའི་རིང་རེས་སྐོར་གཉིས་ནས་གསུམ་བར་གྱི་རྩོད་རྒྱུགས་ནང་ཞུགས་དགོས་ཀྱི་ཡོད། དགོན་སེར་ནུབ་མའི་ཚོམས་ཆེན་ཉི་འོད་འཁྱིལ་ལ་སོགས་ཀྱི་རྒྱུགས་རྭ་ཁག་ནང་དཔུང་བཞུགས་དགེ་རྒན་གསུམ་ལྷན་ཞུགས་ཐོག དམ་བཅའ་བས་ཚོས་ཆོས་གོས་དང་རྩེ་ཞྭ་མཆོད་དེ་དམ་ཁྲིའི་ཐོག་ཞུགས་ཤིང་རིག་སློང་བས་བཏོན་པའི་དྲི་བར་ལན་འདེབས་དགོས་ཀྱི་ཡོད། དང་ཐོག་རིག་སློང་བ་གཅིག་གིས་དྲི་བ་བཏོན་གྱི་ཡོད་པ་དང། རྩོད་གླེང་གི་ནང་དོན་འཁྲུག་ཆ་དོད་པའི་སྐབས་སུ་དཔེ་ཆ་བ་གསུམ་བཞི་ཙམ་གྱིས་དུས་གཅིག་ཏུ་འདྲི་བ་བཏོན་གྱི་ཡོད། རིག་སློང་པ་ཚོས་གོམས་པ་ཡར་མར་སྤོ་ཞིག་བརྟག་བསལ་གྱི་ཕྱག་རྒྱ་དང་བཅས་ཐལ་མོའི་རྡེབ་སྒྲ་རྣ་བའི་བུ་གར་ལྷང་ལྷང་དུ་་གྲགས་པ་དང་། གཞོག་གཡས་གཡོན་གཉིས་སུ་ཟུར་ཞུགས་གནང་མཁན་གྱི་དཔེ་ཆ་བ་རྣམས་ཞུགས་ཀྱི་ཡོད། སྐབས་རེ་ཡང་ཟུར་ཞུགས་པའི་ཁྲོད་ནས་ཁ་ཤས་ཀྱིས་ཡར་ལངས་ཏེ་དྲི་བ་བཏོན་གྱི་ཡོད། དམ་བཅའ་བས་དྲི་ལན་བཏབ་སྟངས་འགྲིག་སྐབས་རྩེ་ཞྭ་མཆོད་པ་ལས་རྒྱུན་དུ་རང་གི་གམ་དུ་ཉར་བ་ལས་མཆོདསྲོལ་མེད། དམ་བཅའ་བའི་ཡོན་ཚད་ཇི་ཙམ་གྱི་མཐོ་བ་ཡོད་པ། དེ་ཙམ་གྱིས་དྲི་བ་བཏོན་་མཁན་གྱི་རིག་སློང་བ་མང་བ་ཡོད་པ་དང། རྒྱུགས་རྭའི་རྣམ་པ་ཡང་འཁྲུག་ཆ་དོད་པོ་ཡོད། སྤྱིང་ན་དཔེ་ཆ་བ་ཕལ་མོ་ཆེ་ནང་ཆོས་ལ་སྦྱང་པ་ཡོད་པ་ཤ་སྟག་ཡིན་མོད། འོན་ཀྱང་རྩོད་གླེང་བྱེད་པའི་སྐབས་སུ་ཚུང་མར་གནོན་ཤུགས་ཆེན་པོ་འཕྲད་ཀྱི་ཡོད།
  རྩོད་རྒྱུགས་ཟིན་རྗེས་དཔྱད་རྩོམ་སྒྲོག་སྦྱང་བྱེད་དགོས་ཀྱི་ཡོད། ཡིག་རྒྱུགས་ཆ་ཚང་བཏང་ཟིན་རྗེས་ཡོན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་རེ་ཞུ་བྱེད་མཁན་ཚོར་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱེད་ཀྱི་ཡོད།“ཡིག་རྒྱུགས་འཕྲོད་དེ་མཐོ་རམས་པའི་ཡོན་གནས་ཐོབ་པ་དེས་ང་རང་ལ་གཟི་བརྗིད་ཆེན་པོ་བྱུང་ལ། དེས་མ་ཚད་ཡིག་རྒྱུགས་སྤྲོད་པའི་བརྒྱུད་རིམ་ནང་ང་རང་གིས་ཤེས་བྱ་མང་པོ་ཞིག་ཤེས་བྱུང། སློབ་མཐར་ཕྱིན་ཏེ་ལོག་རྗེས་ངས་མི་མཐུད་དེ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་བྱེད་རྒྱུ་ཡིན།”ཞེས་ཟི་ཁྲོན་རྔ་པ་ཁུལ་ཨ་མཆོག་མཚན་ཉིད་དགོན་གྱི་ནམ་མཁས་དེ་ལྟར་བཤད།
  མ་གཞི་སློབ་མཐར་ཕྱིན་ཟིན། འོན་ཀྱང་སློབ་མ་ཚོས་མི་མཐུད་དེ་ཁེངས་སྐྱོང་གི་ངང་ནས་སློབ་སྦྱང་བྱེད་ཀྱི་ཡོད་པ་དང་། སློབ་སྦྱོང་བྱ་རྒྱུ་ནི་ཁོང་ཚོའི་ཐུན་མང་གི་་དམིགས་ཡུལ་རེད། དཀར་མཛེས་གསེར་མཚོ་དགོན་གྱི་ཨ་ཤེས་རབ་ཉི་མ་ནི་ལོ་ན་ གཞོན་གཞོན་ཞིག་ཡིན་པ་དང་མཐོ་རམས་པའི་ཡོན་གནས་ཐོབ་ཟིན། འོན་ཀྱང་ང་ཚོས་ཁོ་པར་བོན་པོའི་ཆོས་གོས་སྔོན་པོ་མི་གྱོན་པའི་རྒྱུ་མཚན་གང་ཡིན་ཞེས་དྲི་སྐབས། ཁོ་པས“ཁ་དོག་སྔོན་་པོ་ནི་བོན་ཆོས་ཀྱི་ཚབ་བྱེད་ཁ་དོག་ཅིག་རེད། དེས་ཆོས་ཀྱི་གནས་ལུགས་ཡོངས་སུ་རྟོགས་པའི་དོན་མཚོན་གྱི་ཡོད། འོན་ཀྱང་ང་རང་གི་ཡོན་ཚད་ནི་ད་དུང་ཡང་འདང་ངེས་ཤིག་མེད”ཅེས་བཤད།
  སློབ་་མཐར་ཕྱིན་རྗེས་རང་རང་གི་དགོན་སྡེར་ལོག་སྟེ་ང་རང་གིས་ཤེས་པའི་ཡོན་ཏན་རྣམ་ཀུན་ལ་བཤད་རྒྱུ་ཡིན་ཞེས་ཨ་ཤེས་རབ་ཉི་མས་རང་ཉིད་སློབ་མཐར་ཕྱིན་རྗེས་ཀྱི་འགྲུལ་བཞུད་ལ་སྔ་ས་ནས་བཀོད་སྒྲིག་བྱས་ཟིན། དཔེ་ཁྲིད་དང་ནང་བསྟན་སློབ་གླིང་གཞན་དུ་མི་མཐུད་སློབ་གཉེར་བྱེད་པར་བསྐྱོད་རྒྱུ་ཕུད། ཨ་ཤེས་རབ་ཀྱིས་རང་དང་ཕ་ཡུལ་གཅིག་པ་དཀར་མཛེས་ནས་ཡིན་པའི་སྐལ་བཟང་ཚུལ་ཁྲིམས་དང་མཉམ་དུ་ཁོ་པའི་སློབ་གཉེར་བྱེད་ས་ཐང་སྒང་དགོན་པར་ལན་གཅིག་འགྲོ་རྒྱུའི་ཁ་ཆད་བྱས་ཡོད། མཐོ་རམས་པ་ཚོས་ཧུར་བརྩོན་འདི་ལྟར་གནང་ཡོད་ལ། འབྲིང་རམས་པ་ཆོའི་ངོས་ནས་བརྗོད་ནའང་རྗེས་སུ་ལུས་མེད། ཡུལ་ཤུལ་གྲུ་ཡ་སྔགས་པ་དགོན་ནས་ཡོང་བའི་དབང་གྲགས་རྒྱན་མཚན་ནི་ལོ་རབས་དགུ་བཅུའི་ནང་དུ་འཚར་ལོང་བྱུང་བའི་ན་གཞོན་བཙུན་པ་ཞིག་ཡིན་མོད། འོན་ཀྱང་ཁོ་པར་འབྲིང་རམས་པའི་ཡོན་གནས་ཐོབ་ཟིན་ཞིང་། ཤེས་ཡོན་ཅན་གྱི་མིག་ཤེལ་བརྒྱབ་པའི་ཁོ་པ་ནི་མིང་དོན་འཚུངས་པའི་ཕུལ་བྱུང་གྲྭ་བཙུན་ཞིག་རང་རེད། འབྲིང་རམས་པའི་ཡོན་གནས་ཤིག་ཐོབ་པ་དེས་ཁོ་པོའི་བློ་ཡིད་ནམ་ཡང་ཚིམ་མེད། དབང་གྲགས་རྒྱན་མཚན་གྱིས“ང་རང་དེ་སྔ་ཡུལ་ཤུལ་དུ་ལོ་གསུམ་སློབ་སྦྱོང་བྱས་པ་ཡིན། སེར་རྟའི་ལྔ་རིག་ནང་བསྟན་སློབ་གླིང་དུ་ལོ་བཞི་སློབ་སྦྱོང་བྱས་པ་ཡིན། ད་ལྟ་མ་གཞི་འབྲིང་རམས་པའི་ཡོན་གནས་ཐོབ་ཟིན། འོན་ཀྱང་ཆ་རྐྱེན་གྱིས་འདང་ན་ང་རང་གིས་མི་མཐུད་དེ་སློབ་སྦྱོང་བྱས་ཏེ་མཐོ་རམས་པའི་ཡོན་གནས་ཐོབ་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན”ཅེས་བཤད།
  དབང་གྲགས་རྒྱན་མཚན་གྱིས་བཤད་པར་མི་གཞི་འབྲིང་རམས་པའི་འཛིན་་གྲྭར་སློབ་གཉེར་བྱེད་ཀྱི་ཡོད་མོད། འོན་ཀྱང་འཛིན་གྲྭའི་ནང་གི་སློབ་མ་མི་ཉུང་བ་ཞིག་ནི་དགོན་སྡེའི་ནང་མཁན་པོ་ཡིན་པ་དང་། དཔེ་ཆ་བ་གཞན་ཚོར་སློབ་ཁྲིད་ཐུབ་ཀྱི་ཡོད། ཁོང་ཚོ་དང་བསྡུར་ན་རང་ཉིད་ཀྱི་ཡོན་ཚད་ནི་ད་དུང་ཡང་ཧེ་བག་ཆེན་པོ་ཤོར་ཡོད། སློབ་མཐར་ཕྱིན་རྗེས་ཁོ་པས་མི་མཐུད་དེ་ནང་བསྟན་སློབ་གླིང་གཞན་དུ་སློབ་གཉེར་བྱེད་པར་བསྐྱོད་དེ་ཡོན་ཚད་མཐོར་འདེགས་་གཏང་རྒྱུའི་འཆར་གཞི་ཡོད་པ་རེད།
  སྤུས་ཚད་་ལེགས་པའི་སློབ་སྦྱོང་ཁོར་ཡུག་གིས་རོགས་རམ་ཐོབ་པ།
  སློབ་གཉེར་བ་ཚོས་རང་ངོས་ཀྱིས་མི་མཐུད་དེ་འབད་བརྩོན་བྱས་པ་ཕུད། ཕུལ་དུ་བྱུང་བའི་སློབ་གཉེར་བ་ཞིག་ཆགས་པར་ད་དུང་ཕྱིའི་ཁོར་ཡུག་གི་མཐུན་རྐྱེན་ཡང་ཚང་དགོས།
དགོན་སེར་ནུབ་མའི་མཐོ་རིམ་ནང་་བསྟན་སློབ་གླིང་གི་ཚོམས་ཆེན་ཉི་འོད་འཁྱིལ་དུ་སློབ་ཁང་བཅུ་ལྷག་ཡོད་དེ། སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་ནང་བསྟན་སློབ་ཁྲིད་ཁང་དང་། གྲིབ་གཟུགས་སྒྲིག་ཆས་དང་གློག་རྡུལ་རྒྱབ་ཤེལ་ལྡན་པའི་རིག་གནས་སློབ་ཁྲིད་ཁང་། སྒྲིག་ཆས་ཆ་ཚང་བའི་རྩིས་རྒྱག་འཕྲུལ་ཆས་ཀྱི་སློབ་ཁྲིད་ཁང་བཅས་གསུམ་དུ་དབྱེ་ཡོད། དེ་དག་ཕུད་ད་དུང་དེང་རབས་ཅན་གྱི་གློག་རྡུལ་དཔེ་གློག་ཁང་ཡང་ཡོད། སློབ་མ་ཚོར་ཉལ་ཁང་ཁང་མིག་100ལྷག་ཡོད་པ་དང་། སློབ་མ་150ཙམ་གཤོང་ཐུབ་ཀྱི་ཡོད། མི་གཉིས་ཉལ་ས་དང་། མི་གཅིག་ཉལ་ས་ཡང་ཡོད། ཉལ་ཁང་རྣམས་གཙང་སྦྲ་དོད་ལ་ཁེར་རྐྱང་་གི་གསང་སྤྱོད་དང་ལུས་འཁྲུའི་སྒྲིག་ཆས་ཡོད།
  ཚོམས་ཆེན་ཉི་འོད་འཁྱིལ་གྱི་ཕྱི་རོལ་དུ་སློབ་མ་ཚོས་ལུས་སྦྱོང་བྱེད་སའི་ལག་རྩེད་སྤོ་ལའི་ཐང་ཆེན་ཡོད་པ་དང་། ཉིན་གུང་གི་ཟ་མ་ཟོས་ཚར་རྗེས་སློབ་མོ་ཚོ་སྦོ་ལའི་ཐང་ཆེན་དུ་འཛོམས་ཏེ་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་ཀྱི་ཡོད་ཅིང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ཕྱི་དངོས་པའི་ཆ་རྐྱེན་དེ་དག་ཕུད། ད་དུང་ནང་གི་ཆ་རྐྱེན་ཡང་ངེས་པར་དུ་ཚང་དགོས་ཏེ། སློབ་བསྡུའི་སྒྲིག་གཞི་འཐུས་ཚང་དང། སློབ་འཁྲིད་རྣམ་པ་གསར་གཏོད། སློབ་མ་གསོ་སྐྱོང་ལ་ཤུགས་སྣོན། སློབ་འཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་སོགས་ཀྱི་ཐད་མཐོ་རིམ་ནང་བསྟན་སློབ་གླིང་ལ་གྲུང་འབྲས་མི་དམན་པ་ཐོབ་ཡོད།“ནང་བསྟན་སློབ་གླིང་དུ་སླེབས་རྗེས་སློབ་གླིང་གིས་ང་ཚོ་སྒྲིག་འཛུགས་བྱས་ཏེ་དགོན་སྡེ་དང་ནང་བསྟན་སློབ་གླིང་མི་ཉུང་བ་ཞིག་ལ་ལྟ་སྐོར་བྱེད་པར་འཁྲིད་པ་དང། དེ་དག་གི་ཁྲོད་ད་དུང་རྒྱ་རྒྱུད་ནང་བསྟན་གྱི་གནས་མཆོག་མང་དག་ཅིག་ཡོད།
  ང་ཚོས་རྒྱ་བརྒྱུད་ནང་བསྟན་གྱི་གྲྭ་པ་ཚོ་དང་དེ་མིན་གྱི་ནང་བསྟན་སློབ་གླིང་གི་སློབ་མ་ཚོ་དང་ཕན་ཚུན་སྤེལ་རེས་བྱེད་རྒྱུ་བྱུང་། དེ་ནི་ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་འདུག ”མ་གཞི་གཞུང་བཀའ་པོད་ལྔ་ལ་སློབ་སྦྱོང་བྱས་ཟིན་ཏེ་མཐོ་རམས་པའི་འཛིན་གྲྭའི་ཆུ་ཚད་ལ་སླེབས་མོད། འོན་ཀྱང་སྐབས་འདིར་རྙིང་མ་པའི་མཐོ་རམས་འཛིན་གྲྭ་གཉེར་མེད་པས། མཚོ་སྔོན་འགོ་ལོག་ཨ་རོགས་དགོན་ནས་ཡོང་བའི་ཡེ་ཤེས་བསམ་་གཏན་ད་ལོ་འབྲིང་རམས་པའི་འཛིན་གྲྭར་ཞུགས་ཏེ་སློབ་གཉེར་བྱེད་རྒྱུ་ལས་མ་འདས། འོན་ཀྱང་ཁོ་པས་རང་ཉིད་ཀྱིས་འབྲིང་རམས་འཛིན་གྲྭ་འགྲིམ་སྐབས་ཤེས་བྱ་མང་དག་ཅིག་ཤེས་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་མང་བའི་སློབ་་གཉེར་བ་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲོད་ཆེད། སློབ་གླིང་གི་སློབ་བསྡུ་དང་སློབ་ཚན་བཀོད་སྒྲིག་བྱེད་ཕྱོགས་དེ་བས་སྣ་མང་ཅན་གྱི་ཕྱོགས་སུ་བཏང་ཡོད།
  བོད་ལྗོངས་ཆབ་མདོ་རྫོགས་ཆེན་དགོན་གྱི་དཀོན་མཆོག་བློ་གྲོས་ཀྱིས“བོད་ལྗོངས་ཀྱི་དམིགས་བསལ་ས་ཁམས་ཁོར་ཡུག་གིས་རྐྱེན་པས་ས་ཆ་མང་དག་ཅིག་ལ་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཀྱི་མེད། ངའི་་ཕ་ཡུལ་ལ་རྙིང་མའི་དགོན་སྡེ400ལྷག་ཙམ་ཡོད། འོན་ཀྱང་ད་བར་ང་རང་གཅིག་པོ་ནང་བསྟན་སློབ་གླིབ་དུ་སློབ་སྦྱོང་བྱེད་པར་བསྐྱོད་ཐུབ་པ་བྱུང་ཡོད
ཕྱིས་བྱུང་དེ་བས་མང་བའི་སློབ་གཉེར་བ་སློབ་གླིང་འདིར་ཡོང་སྟེ་སློབ་སྦྱོང་བྱ་རྒྱུའི་རེ་བ་ཡོད་”ཅེས་བཤད།
     གོང་གསལ་གྱི་་གནད་དོན་དེ་དག་ཐག་གཅོད་བྱ་ཆེད་ནང་བསྟན་སློབ་གླིང་གིས་འཕྲིན་བརྒྱུད་འཛིན་གྲྭ་གཉེར་ཡོད་པ་དང་། སློབ་མ་ཚོས་ནང་རིག་གི་ཆུ་ཚད་དེ་ཚད་གཞི་དང་མཐུན་ན་ཡོན་གནས་ཡིག་རྒྱུགས་ལ་ཞུགས་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད།
  རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་གནང་གི་ཡོད་་པ་ནི་ཧ་ཅང་་བརྗོད་མེད་རེད་ལ། དེ་ནི་ཕུལ་དུ་བྱུང་བའི་སློབ་གཉེར་བ་གསོ་སྐྱོང་བྱེད་པའི་སྐུ་འདེད་ཅིག་ཀྱང་རེད། རྒྱལ་ཁབ་ཀྱིས་གསོ་སྐྱོང་གནང་བའི་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་མི་རྣམས་ལ་སྔར་བ་ལྷག་་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་ཆེད། 2015ལོའི་ཟླ་6ཚེས1ཉིན་ནས་བཟུང། རྒྱལ་ཁབ་ཆོས་ལུགས་དོན་་གཅོད་ཅུས་ཀྱིས་《བོད་བརྒྱུད་ནང་བསྟན་གྱི་་ཡོན་གནས་སྤྲོད་ཐབས(ཚོད་ལྟ་)》(གཤམ་དུ་བསྡུས་བརྗོད་《ཡོན་གནས་སྤྲོད་ཐབས》ཞེས་འབོད་རྒྱུ་ཡིན། འགྲེམ་བསྒྲགས་དང་ལག་བསྟར་བྱས་པ་་དང་། དེ་ནི་བོད་བརྒྱུད་ནང་བསྟན་གྱིས་་ཕུལ་་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ནུས་ལྡན་གྱི་འགན་སྲུང་ཞིག་ཏུ་གྱུར་ཡོད།  སྐབས་འདིར་སློབ་འཐར་ཕྱིན་པའི་སློབ་མ་ཚོ་ནི་ཡོན་གནས་སྤྲོད་ཐབས་ལག་བསྟར་བྱ་ཚུན་་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་རྒྱུགས་་ལེན་དང་ཡོན་གནས་སྤྲོད་པའི་བྱེད་སྒོར་ ཞུགས་པའི་སློབ་མ་ཐེངས་དང་པོ་དེ་ཡིན་པ་རེད།
  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་བོད་་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བློ་འདོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་རིན་པོ་ཆེས་ཏང་དང་སྲིད་་གཞུང་གིས་སྔར་ནས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་མཐོང་ཆེན་གནང་གི་ཡོད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་གནང་གི་ཡོད། མཐོ་རམས་པ་དང་འབྲིང་རམས་པའི་ཡོན་གནས་ཐོབ་པའི་སློབ་མ་་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱིས་ཆོས་ལུགས་ལས་དོན་ཚོགས་འདིའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་གྱིས་མཛུབ་སྟོན་བྱས་ཐོག་ཏང་གི་གསོ་སྐྱོང་དང་མངག་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་དགོངས་པ་དང་། རང་གི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་སེམས་ལ་བརྟན་་པོ་ངེས་ཏེ། རང་་གིས་རང་ལ་རེ་བ་ནན་པའི་བཅོལ་ནས། སློབ་སྦྱོང་ཧུར་བརྩོན་དང་། དྲང་གདེན་དྲང་གཉེར། སྒྲིག་བཀུར་ཁྲིམས་སྲུང་། རྒྱལ་གཅེས་ཆོས་གཅེས་གྱི་མིག་དཔེ་བཟང་པོ་ཆགས་པ་བྱ་རྒྱུ་བརྩོན་ལེན་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕུན་ཚུན་འཚམ་མཐུན་ལ་སྐུལ་འདེད་གཏོང་མཁན་ཞིག་ཏུ་གྱུར་རྒྱུ་བརྩོན་ལེན་བྱས་ཐོག་དགོན་སྡེའི་གྲྭ་བཙུན་དང་རྒྱ་ཆེའི་དད་ལྡནམང་ཚོགས་རྣམས་ཏང་དང་རྒྱལ་ཁབ་ཀྱི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐུན་མང་ཐོག་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འཕུར་མཆོངལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ཧུར་ཐག་བྱ་དགོས་ཞེས་གསུངས་གནང་བ་རེད།