ནང་བསྟན་སློབ་གླིང་གིས་སློབ་མ་རྩ་འཛུགས་བྱས་ནས་རིག་གནས་ལས་རྩལ་གྱི་བྱ་འགུལ་སྤེལ་དེ་རྒྱལ་སྟོན་ལ་རོལ་བ།

སྤེལ་དུས། 2016-09-01   

  ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་ཕྱི་དྲོ་མཐོ་རིམ་ནང་བསྟན་སློབ་གླིང་གིས་སློབ་མ་རྩ་འཛུགས་བྱས་ནས་རིག་གནས་ལས་རྩལ་གྱི་བྱ་འགུལ་སྤེལ་ཡོད་ལ། འགྲན་སྡུར་གྱི་རྣམ་གྲངས་ལ་མདེལ་ཕྲན་རྩེད་པ་དང་། ཕིང་ཕང་སྤོ་ལོའི་འགྲན་སྡུར། ཐག་འཐེན་སོགས་ཡོད། སློབ་མ་ཚང་མ་བྱེད་སྒོ་ལ་ཞུགས་ཡོད་ཅིང་། འཁྲུག་ཆ་དོད་ཅིང་སྤྲོ་དགས་ཕྱུག་པའི་བྱེད་སྒོ་ཞིག་ཆགས་ཡོད།


སློབ་མ་ཚོས་མདེལ་ཕྲན་རྩེད་པ།


མདེལ་ཕྲན་རྩེད་སྐབས་ལྟད་མོ་བ་ཚོས་སེམས་བསྒྲིམས་ནས་ལྟ་བཞིན་པ།


ཕིང་ཕང་སྤོ་ལོའི་འགྲན་སྡུར་ཛ་དྲག


མི་གཅིག་གི་ཐག་འཐེན།


སྐུལ་མ་གཏོང་བཞིན་པ།