ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས།

སྤེལ་དུས། 2017-01-23   

          ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོ། བློ་མཐུན་ཝང་ཀྲང་ཡུས་ཀྱིས་གཙོ་སྐྱོང་མཛད་དེ་སློབ་གླིང་ཚན་ཁག་གི་ཁོངས་མི་དང་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ།  མཐོ་རིམ་གཞོན་པ་ཡན་གྱི་ལག་རྩལ་མི་སྣ། ཏང་ཀྲི་པུའུ་ཡི་ཨུ་ཡོན་བཅས་ཞུགས་པའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ།  ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག》སློབ་སྦྱོང་བྱས་ཤིང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུང་ཁྲུང་ལན་གྱིས་པུའུ་ལས་ཁུངས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པའི་ཚོགས་འདུ་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  ཚོགས་ཞུགས་མི་སྣས་དངོས་ཡོད་དང་འབྲེལ་ནས་རེ་རེ་བཞིན་གཏམ་བཤད་སྤེལ་ཏེ།  སློབ་སྦྱོང་གི་མྱོང་ཚོར་དང་ངོས་ཟིན་ལྷུག་པོར་བརྗོད། 
          གྲོས་ཚོགས་ལས་བསྟན་དོན།  ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་བསྐྲུན་པར་རྒྱལ་ཁ་ལེན་པའི་གནད་འགག་གི་དུས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་པས། དེར་ལོ་རྒྱུས་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།  ཚང་འཛོམས་གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གོ་གནས་གསལ་བོར་བྱས་ཏེ། “བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་པས།  ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་དང་།  ཏང་གིས་མཐུན་སྒྲིལ་དང་གཅིག་གྱུར་སྒོས་འགོ་ཁྲིད་པར་སྲུང་སྐྱོབ།  ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྔར་ལས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་གོ་སྐབས་དམ་འཛིན་བྱེད་པ།  འགྲན་སློང་ལས་རྒྱལ་ཁ་ལེན་པ།  ཏང་ཡོངས་མཐུན་སྒྲིལ་སེམས་གཅིག་དང་ཐོག་མའི་ཆོད་སེམས་མི་བརྗེད་པ།  མུ་མཐུད་དུ་མདུན་དུ་སྐྱོད་པ།  ཏང་དང་རྒྱལ་ཁབ་དར་ཞིང་རྒྱས་པ་དང་ཡུན་རིང་བདེ་འགོད་ཡོང་བ་བཅས་ལ་མཚོན་ན་ཕུགས་རིང་ཞིང་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན། 
          ཚོགས་ཞུགས་མི་སྣས་མགྲིན་གཅིག་ཏུ་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོབ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་བྱ་བའི་སྙན་ཞུར་མཐའ་གཅིག་ཏུ་སྲུང་སྐྱོབ།  ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《ཚད་གཞི》དང《སྲོལ་ཡིག》ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བཅས་བྱེད་དགོས།  བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས།  ཐོག་མའི་ཆོད་སེམས་མི་བརྗེད་པ་དང་མུ་མཐུད་དུ་མདུན་དུ་བསྐྱོད་དེ།  “གཟབ་ནན”དང“དོན་དངོས”ཀྱི་དགོངས་དོན་ལ་བརྟེན་ནས་ལས་དོན་སོ་སོ་ལེགས་པར་བསྒྲུབ་པ་དང་།  བཅོས་བསྒྱུར་གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། 
          བློ་མཐུན་ཝང་ཀྲང་ཡུས་ཀྱིས་བསྟན་དོན། (གཅིག)བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་ནི། ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་ཡིན་པ་དང་།  ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་སྤེལ་དང་།  ཏང་གི་གསར་སྐྲུན་ནུས་པ་དང་གོང་བུར་འགྲིལ་ཤུགས། འཐབ་རྩོད་ནུས་པ་བཅས་མཐོར་འདེགས་བྱེད་པའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཡིན་ལ།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡང་དག་པའི་ཕྱོགས་སུ་གོང་དུ་སྤེལ་བའི་རྩ་བའི་ཁག་ཐེག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་གཏན་ཁེལ་བྱས་པ་ནི་ལོ་རྒྱུས་ཀྱི་དགོས་ངེས་གདམ་གསེས་ཡིན།  (གཉིས) ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་རྒྱུས་ལོན་དང་ལག་ལེན་མཐར་ཕྱིན་དང་།  《ཚད་གཞི》དང《སྒྲིག་སྲོལ》གྱི་གཏན་འབེབས་རང་རྟོགས་སྒོས་ལག་བསྟར་བྱས་ཏེ།  ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་བ་དང་།  སྒྲིག་ལམ་སྔོན་ལ་བཞག་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ་དང་།  རྩ་འཛུགས་འཚོ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྒྲིག་བརྩི་རང་གཅུན་ཇེ་དྲག་ཏུ་གཏོང་བ།  རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱིས།  ལས་དོན་མ་ལུས་སེམས་སུ་བླངས་ནས་ཕྱི་ཡི་འགུལ་སྐྱོད་སྟེང་ནས་མཚོན་པར་བྱེད་དགོས། (གསུམ)ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། པུའུ་ཀྲང་སུང་ཁྲུང་ལན་གྱི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཏེ།  ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དངོས་གནས་ལག་ལེན་གྱིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་འཐབ་ཕྱོགས་སྡེ་ཁག་གི་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་དངོས་འབེབས་བྱས་ནས།  འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལེགས་པར་བསྒྲུབ་དགོས། 
          བློ་མཐུན་ལིའུ་ཕེང་གིས་བསྟན་དོན།  ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་གྱིས་འཐབ་ཇུས་བཀོད་སྒྲིག་དང་ལམ་ལུགས་ཀྱི་བཀོད་སྒྲིག་གནང་ལ། བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གཟབ་ནན་གྱིས་སྐྱོང་བའི་ཆོད་སེམས་བརྟན་པོ་དང་ལོ་རྒྱུས་ཀྱི་ཁག་འགན་མངོན་པར་མཚོན་ཡོད་ལ། ཏང་འཛུགས་སྐྲུན་གྱི་རླབས་ཆེ་བའི་བཟོ་འགོད་གསར་པར་སྔར་ལས་སྐུལ་འདེད་གཏོང་བ་དང་།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གསར་སྐྲུན་བྱེད་པའི་རྣམ་པ་གསར་བར་མཚོན་ན་དོན་སྙིང་གལ་ཆེན་ལྡན།  གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ཆ་ནས།  ཕུགས་བསམ་བརྟན་པོ་དང་དད་མོས་བརྟན་པོ་སྒོས་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ཆོས་ཉིད་བརྟན་སྲུང་བྱེད་པ་དང་།  བློ་བརྟན་འགྱུར་མེད་སྒོས་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་བྱས་ཏེ།  དུས་ནམ་ཡང་བསམ་བློ་སྟེང་དང་ཆབ་སྲིད་སྟེང་། འགུལ་སྐྱོད་སྟེང་བཅས་ནས་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས། 
          ཡོན་ཀྲང་གཞོན་པ་སྒོ་མང་ཚང་གིས། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གཟབ་ནན་གྱིས་སྐྱོང་བར་ཆེད་དོན་ཞིབ་འཇུག་སྤེལ་བ་དང་། 《ཚད་གཞི》དང《སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་དེས་ཀྲུང་གོ་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད།  ཆོས་ལུགས་ཁག་གི་མི་སྣས་ཀྱང་སློབ་སྦྱོང་ནན་ཏན་དང་། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཐོག   སྲོག་ཤིང་འདུ་ཤེས་དང་མིག་ལྟོས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཏང་གི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོབ་བྱེད་དགོས།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་ཐོབ་ཐང་ལམ་ལུགས་འཛུགས་སྐྲུན་ལེགས་པོ་བྱེད་པ།  བོད་བརྒྱུད་ནང་བསྟན་གྱི་འཐུས་མི་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ་བཅས་ཟུང་འབྲེལ་དམ་པོ་སྒོས།  བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་བྱེད་པ་དང་།  དད་ལྡན་མང་ཚོགས་ལ་ཞབས་ཞུ་དང་སྤྱི་ཚོགས་ལ་ཞབས་ཞུ་བྱེད་པར་སྐུལ་ཁྲིད་གང་ལེགས་བྱས་ཏེ།  བློ་བརྟན་འགྱུར་མེད་སྒོས་ཏང་གི་རྗེས་སུ་འབྲངས་ནས།  ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ནུས་ཤུགས་གང་ཡོད་འདོན་དགོས། 
          བློ་མཐུན་གནམ་ལྷ་བཀྲ་ཤིས་དང་དབང་ཆེན་ཚེ་རིང་། ལི་དབྱི་སོགས་ཀྱིས་གཏམ་བཤད་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་དང་དུ་བླངས་ནས་བྱ་བའི་སྙན་ཞུ་ཕུལ་བ་དེ་ནི། ལོ་གཅིག་གི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་བར་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་།  དངོས་འཚོལ་བདེན་སྒྲུབ་དང་བསམ་བློ་གཏིང་ཟབ་པ། མི་ལ་ཡར་སྐྱེད་སྟེར་ཐུབ་པ་ཞིག་རེད་ཅེས་བརྗོད། 
          གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།  ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ནི་མིག་སྔར་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་སློབ་གླིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་གོ་སྐབས་ཤིག་ཏུ་བརྩིས་ནས།  “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ལྷག་པར་དུ་སྲོག་ཤིང་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་བཏང་ནས།  ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱེད་སྒོའི་རང་རྟོགས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་འགོ་ཁྲིད་སྲོག་ཤིང་གི་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་།  བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས། 《ཚད་གཞི》དང《སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ཏེ།  ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་པ་དེ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་རྩ་བའི་རང་བཞིན་གྱི་རྨང་གཞིའི་བྱ་བ་ཡིན་པ་དང་།  ཏང་ནང་གི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དེ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་སྲུང་གལ་ཆེན་ཡིན་པའི་ཆ་ནས། ཏང་རྩ་འཛུགས་ཀྱི་གཙོ་གཞིའི་འགན་འཁྲི་དང་སྒྲིག་ཨུའི་ལྟ་སྐུལ་འགན་འཁྲི་དངོས་གནས་ལག་བསྟར་བཟང་པོ་བྱས་ཏེ།  ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བླང་བྱ་སོ་སོ་དམིགས་སར་འབྱོར་བ་དང་ཕན་འབྲས་དངོས་ལེན་པར་སྐུལ་འདེད་གཏོང་དགོས། 
 གྲོས་ཚོགས་ཀྱིས་ཏང་ཀྲི་པུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་རིགས་པའི་གཞུང་ལུགས་ལ་དྲག་ཆས་སྤྲ་བར་ཤུགས་སྣོན་པའི་ལས་འགན་གལ་ཆེན་དུ་བརྩིས་ནས། “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ནང་བཞག་སྟེ།  སློབ་སྦྱོང་གི་འཆར་གཞི་དང་ཇུས་གཞི་ཞིབ་ཚགས་ཅན་ཞིག་བཟོས་ནས།  རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པར་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་ཆུད་དུ་འཇུག་པར་སྐུལ་འདེད་གཏོང་དགོས།