ནང་བསྟན་སློབ་གླིང་གི་ལས་བྱེད་མི་སྣས་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་མཛད།

སྤེལ་དུས། 2016-12-08   

          ཟླ 7 པའི་ཚེས1 ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ95འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་སྟེ། ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་རྣམས་མཐུན་སྒྲིལ་མཉམ་སྡེབ་ངང་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་། རླབས་ཆེན་གྱི་ལེགས་སྐྱེས། ལོ་རྒྱུས་ཀྱི་བློ་སྐྱེད་བཅས་ལ་ཕྱོགས་བསྡོམས་གནང་ཞིང་། ཐོག་མའི་ཀུན་སློང་མི་བརླག་པ། མུ་མཐུད་དུ་མདུན་སྐྱོད་བྱེད་པར་ངེས་པར་དུ“ཕྱོགས་བརྒྱད་ཀྱི་རེ་འདུན”སེམས་ལ་དམ་པོར་བཟུང་དགོས་པའི་སྐོར་ལ་འགྲེལ་བརྗོད་གནད་སྨིན་གནང་། མཐོ་རིམ་ནང་བསྟན་སློབ་གླིང་གིས་སློབ་གླིང་ཡོངས་ཀྱི་ལས་ཐོག་ཏང་ཡོན་དང་། མང་ཚོགས། ཆོས་ལུགས་ཁྱབ་ཁོངས་ཀྱི་མི་སྣ་བཅས་ལྷན་དུ་གསུང་བཤད་ལ་ཐུགས་མཉན་མཛད་དེ་ཐུགས་མཐུན་མོས་གུས་ཀྱི་རྣམ་པ་དོད་པོ་བྱུང་འདུག
          ཉིན་ཤས་བསྟུད་མར། ཚང་མས་ནན་ཏན་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གི་གལ་ཆེའི་གསུང་བཤད་ཁག་ལ་ཐུགས་མཉན་མཛད་པ་རེད། ཟླ7 ཚེས1 ཉིན་སློབ་གླིང་ཡོངས་ཀྱི་དགེ་སློབ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་བརྙན་འཕྲིན་གྱི་ཐད་གཏོང་ལ་གཟིགས་མཉན་མཛད་ཅིང་། ཕྱི་དྲོར་བཞུགས་མོལ་ཚོགས་འདུ་ཚོགས་པ་རེད། ཟླ7 ཚེས4 ཉིན་གྱི་སྔ་དྲོར་སློབ་གླིང་གི་ཆེད་དུ་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་ལས་བཟོ་དང་ཀྲེ་པུའུ་ཨུ་ཡོན་ལྷན་དུ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཚོགས་པ་རེད། ཚང་མས་མགྲིན་གཅིག་དབྱངས་གཅིག་གིས། ཏང་གིས་རྒྱལ་ཡོངས་ཀྱི་མི་དམངས་རྣམས་ཀྱི་སྣེ་ཁྲིད་དེ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པར་སྤོབས་སེམས་རབ་ཏུ་སྐྱེས་པ་དང་། ཏང་གིས་རྒྱལ་ཡོངས་ཀྱི་མི་དམངས་རྣམས་ཀྱི་སྣེ་ཁྲིད་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་སྒྲིག་བཀོད་དང་། “ལོ་བརྒྱ་ཕྲག་གཉིས”ཀྱི་འབད་རྩོལ་དམིགས་ཡུལ་ལ་དེ་བས་རེ་བས་བརྟས་ཡོད་ཅེས་གསུངས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་རྒྱུའི་དུས་རིམ་ཁྲོད། དཀའ་གནད་ལ་ཐུག་དུས། དུས་དང་རྣམ་པ་ཀུན་དུ་ཇི་ལྟར་ཡོང་བའི་ལམ་ཁར་ཕྱིར་འདང་བརྒྱབ་སྟེ་མུ་མཐུད་དུ་བློ་རྩ་བརྟན་པོས་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། ཀུན་ལས་མདུན་དུ་བསྐྱོད་ནུས་པའི་སྙིང་སྟོབས། ནམ་ཡང་གྱེན་དུ་ཕྱོགས་པའི་གསོན་ཤུགས། བཅོས་སྒྱུར་གསར་སྤེལ་ཉིད་སྒུལ་ཤུགས་སུ་བཟུང་ནས། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་ལྷོད་པ་མེད་པར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་དང་། བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་ལ་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་ལེགས་སྐྱེལ་འབུལ་རྒྱུའི་ཆོད་སེམས་གསལ་པོར་བརྗོད། 
          ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མ་གྲོས་གཅིག་མཐུན་ངང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ནི། ཏང་གི་ལོ་རྒྱུས་ཐོག་གི་དཀའ་སྡུག་གི་ལོ་ཟླ་དང་མིག་སྔའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་དཀའ་ཁག་གཉིས་གཅིག་རམ་གཅིག་གིས་བཏེགས་ཏེ། མིག་རྒྱང་རིང་བའི་ཕུགས་འདུན་དང་རེ་སྙེག་གིས་ངེད་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་བཅངས་པའི་ཆོད་སེམས་མངོན་ཚོན་ནུས་ཞེས་གསུངས། “བདུན་གཅིག”གི་གལ་ཆེའི་གསུང་བཤད་ཀྱིས་སེམས་འགུལ་ཐེབས་སུ་བཅུག་པ་དང་། བློ་སྤོབས་རྒྱས་སུ་བཅུག་པས་མི་ཚད་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་ཏང་ཡོངས་ཀྱི་བློ་མཐུན་ཚོས་དང་ཐོག་མའི་ཀུན་སློང་མ་བརྗེད་པར་མདུན་སྐྱོད་བྱེད་དགོས་གསུངས་ཤིང་། ང་ཚོར“ལོ་རྒྱུས་ཀྱིས་མི་བློ་རྩེ་གཉིས་ཅན་དང་། བབ་ལྟ་ཅན། སྒྱིད་ལུག་ཅན། ནུས་མེད་སྙོམས་ཆུང་ཅན་རྣམས་ནམ་ཡང་སྒུག་མི་སྲིད”ཅེས་ཏང་ཡོན་ཡོངས་ལ་རེ་བ་གསར་པ་བཏོན་གནང་ཞིང་། སྒུལ་ཤུགས་ཡང་གསར་པ་སྦྱིན་པ་རེད། ཚོགས་ཞུགས་འཐུས་མི་ཚོས་མགྲིན་གཅིག་ཏུ་བརྗོད་པར། མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ་གསོ་སྐྱོང་གི་བྱ་གཞག་གཉེར་བཞིན་ཡོད་པས། “རིམ་པ་གསུམ་པའི་ཡོན་གནས”འཛུགས་སྐྲུན་ཁྲོད“ལམ་པ”ལྟ་བུའི་ནུས་པ་ཐོན་ཡོད། སྔོན་ཐོན་གྱི་མིག་དཔེ་བཟང་པོ་དམིགས་ཡུལ་དང་སྐུལ་མར་བཟུང་སྟེ། སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཀྱི་ལམ་ཕྱོགས་བཟང་པོ་རྒྱུན་སྐྱོང་བྱེད་པ་དང་། མུ་མཐུད་དུ་འགན་འཁྲིའི་འདུ་ཤེས་དང་བྲེལ་འཚབ་ཀྱི་འདུ་ཤེས་གོང་མཐོར་གཏོང་དགོས་ཤིང་། རང་རང་གི་ལས་གནས་ཐོག་ཏུ་ཁེངས་རློམ་མེད་པར་བློ་ཐག་ཆོད་པོས་དུས་ཚོད་ཀྱིས་རང་ཉིད་སྒུག་མི་སྲིད་པའི་འདུ་ཤེས་ཐོག་ནས་ལས་དོན་ཁག་ལེགས་གྲུབ་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་བོད་ལྗོངས་དང་ཞིང་ཆེན་བཞིའི་རྒྱུན་རིང་བརྟན་ལྷིང་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་འཛུགས་སྐྱོང་བྱེད་དགོས་ཞེས་བརྗོད།
          ཀྲེ་པུའུ་ཡི་ཧྲུའུ་ཅི་ཟུར་པ་བློ་མཐུན་རྣམ་ལྷ་བཀྲ་ཤིས་ནས་བརྗོད་པར། ང་ཚོས་ངེས་པར་དུ“བདུན་གཅིག”གསུང་བཤད་ཀྱི་དོན་དངོས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ལ་ངེས་ཤེས་འདྲོང་པར་བྱེད་དགོས། གཅིགཆོད་སེམས་གཅིག་ཡིད་ལ་བརྟན་པོར་ངེས་དགོས་པ་སྟེ།  དང་ཐོག་མའི་ཀུན་སློང་མི་བརྗེད་པ། མངག་བཅོལ་གཅིག་ཡིད་ལ་བཟུང་དགོས་པ་སྟེ། དེའང་ཏང་གི་མངག་བཅོལ་ཡིད་ལ་བཟུང་དགོས་ཤིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་དེའོ། །ལས་དོན་གཅིག་ལེགས་པོར་སྒྲུབ་དགོས་པ་སྟེ། མུ་མཐུད་མདུན་སྐྱོད་ཀྱི་ལམ་བུའི་ཐོག་ཏུ་རང་རང་གི་ལས་གནས་ཐོག་ཏུ་ཏན་ཏིག་ངང་ལས་དོན་སྒྲུབ་པའོ། །གཉིས་ནས་ནང་བསྟན་སློབ་གླིང་གི་མིག་སྔའི་གནས་བབས་བཟང་པོར་ངེས་ཤེས་འདྲོང་པར་བྱས་ཏེ། ཏང་ཡོན་མི་རེ་ངོ་རེས་རང་ཉིད་ཀྱི་གདོང་ལེན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་བྱས་ཏེ། ཏང་གི་སྐྱིད་སྡུག་ལ་ཕུལ་བྱུང་གི་རྒྱུགས་ཤོག་ཡར་འབུལ་ཐུབ་པ་དང་། ལས་དོན་ཁག་ལ་མང་ཚོགས་བློ་ཡིད་ཚིམ་པ་དང་། དབུ་ཁྲིད་ཐུགས་བློ་བདེ་བའི་བྱེད་ཕྱོགས་སྐྱོང་དགོས། 
          ཀྲེ་པུའུ་ཡི་ཧྲུའུ་ཅི་ཟུར་པ་བློ་མཐུན་ལིའུ་ཕིང་གིས་རང་ཉིད་ཀྱི་མྱོང་ཚོར་བརྗོད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་ནི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞིང་། ང་ཚོའི་བསམ་བློའི་རྒྱགས་ཕྱེའང་ཡིན་པ་རེད། ཏང་ཡོན་མི་རེ་ངོ་རེས་རང་ཉིད་ཀྱི་རང་སྦྱོང་ལའང་དམ་འཛིན་བྱས་ཏེ། དངོས་གནས་སྦྱོང་བ་དང་། དངོས་གནས་ཡིད་ཆེས་ཡོད་པ་། དངོས་གནས་བེད་སྤྱོད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས། ངེས་པར་དུ“ཐོག་མའི་ཀུན་སློང་མི་བརྗེད་པར། མུ་མཐུད་མདུན་སྐྱོད་བྱེད་དགོས།”ཞེས་པའི་སྙིང་དོན་ཡིད་ལ་བཟུང་སྟེ། རྒྱལ་ཁབ་མདུན་སྐྱོད་བྱེད་དགོས་ལ། མི་རིགས་ཀྱང་མདུན་སྐྱོད་བྱེད་དགོས། གཞན་ཡང་ང་ཚོ་ཏང་ཡོན་རང་ཉིད་ཀྱིས་ཀྱང་མདུན་སྐྱོད་བྱེད་དགོས་ཞེས་གསུངས། རྒྱུགས་གཞིར་དྲི་བ་ཁ་གསལ་ཞིག་ཇི་ལྟར་གདབ་ཅེ་ན། ཏང་ཀྲུང་དབྱང་གི་ངོས་ནས་བརྗོད་ན་སྲིད་ཇི་ལྟར་སྐྱོང་བ་དང་། རྒྱལ་ཡོངས་ཀྱི་སྣེ་ཇི་ལྟར་ཁྲིད་པ། མར་ཁེ་སེའི་རིང་ལུགས་ལག་ལེན་དུ་ཇི་ལྟར་འཁྱོལ་བ་དེ་ཡིན་ལ། མི་སྒེར་གྱི་ངོས་ནས་བརྗོད་ན་རང་ཉིད་ཀྱི་ལས་དོན་ཇི་ལྟར་ལེགས་གྲུབ་ཡོང་བ་བྱ་རྒྱུ་དེ་རེད།
          ཀྲེ་པུའུ་ཧྲུའུ་ཅི་བློ་མཐུན་ཝང་ཁྲང་ཡུས་ཀྱིས་རང་ཉིད་ཀྱི་མྱོང་ཚོར4 གསུངས་པ་སྟེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་ཀྱི་དོན་སྙིང་བླ་ལྷག་ཏུ་ཆེ་ལ་གོ་དོན་གཏིང་ཤིན་ཏུ་ཟབ། དེ་ནི་ཏང་ཡོན་མི་རེ་ངོ་རེའི་ངོས་ནས་བརྗོད་ན་ཀུན་སློང་རྣམ་དག་དང་རེ་འདུན་གཙང་མའི་སློབ་གསོ་ཞིག་ཡིན་པ་རེད། “བདུན་གཅིག”གི་གལ་ཆེའི་གསུང་བཤད་ཀྱིས་མི་ཚང་མར་ཏང་འཛུགས་ཀྱི་ཀུན་སློང་དང་། ཏང་ཡོན་གྱི་ཀུན་སློང་། ཏང་ཞུགས་ཀྱི་ཀུན་སློང་ལ་རྒྱུས་ལོན་གསལ་པོ་ཞིག་བྱེད་བཅུག་པ་དང་། གཞི་རྩའི་ཐོག་ནས་བསམ་བློའི་གཏོང་ཕྱོགས་དང་། མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློ་དང་འདུ་ཤེས། ཐབས་ལམ་སོགས་བརྟན་འཛུགས་བྱས་པ་རེད། གཉིས་ནི“བདུན་གཅིག”གསུང་བཤད་ཀྱིས་ཕྱོགས་བརྒྱད་ཀྱི་ཐོག་ནས་དོན་དངོས་ཐོག་ཏུ་གདོང་གཏུག་དགོས་པའི་གནད་དོན་ལ་ལན་བསྐྱོན་ཞིང་། ང་ཚོར་ལོ་རྒྱུས་རང་བཞིན་གྱི་གདམ་གར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ་ང་ཚོས་ཕྱོགས་གང་སྤྱིའི་ཐད་དུ་རྩ་བའི་རང་བཞིན་གྱི་འགྱུར་བ་བྱུང་བར་མྱོང་ཚོར་གཏིང་ཟབ་བྱུང་རུང་། མི་འགྱུར་བ་ནི་ཏང་གི་སྙིང་དོན་དང་། ཏང་གི་གཞི་རྩའི་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས། ཏང་གི་མཛུབ་སྟོན་གྱི་བསམ་བློ་དང་རྨང་གཞིའི་ཉམས་མྱོང་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གཏམ་བཤད་ཁྲོད་དུ་ལྟེ་བ་གཅིག་དང་རྩ་གནད་གཉིས་རྒྱུན་འཁྱོང་བྱེད་རྒྱུར་ཆེད་དུ་ནན་བཤད་གནང་བ་དང་། བསྒྱུར་བཅོས་སྒོ་དབྱེའི་ལོ་ངོ30 ལྷག་གི་ནང་དུ་ལོ་རྒྱུས་ཀྱི་དགག་གནད་དུ་ལོ་རྒྱུས་ཀྱི་དྲི་བར་ལན་གལ་ཆེན་ཞིག་བཏབ་པ་རེད། གསུམ་ནི། “བདུན་གཅིག”གལ་ཆེའི་གསུང་བཤད་ཀྱིས་ཏང་ཡོངས་ཀྱི་ཡིད་ཆེས་བརྟན་དུ་བཏང་བ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི “བདུན་གཅིག”གསུང་བཤད་ལ་ཉན་རྗེས“དེང་གི་གོམ་ཁས་སྔོན་གྱི་ལོ་ཟླར་བརྒལ”བའི་ཚོར་སྣང་སྟེར་ཞིང་། ང་ཚོར་སྔོན་ཆད་ལ་རྒྱུས་ལོན་དང་། འབྱུང་འགྱུར་ལ་མཛུབ་སྟོན་ཡོད་པར་གྱུར་ཞིང་། རང་རེའི་ཏང་གི་རླབས་ཆེན་རང་བཞིན་ལ་ངེས་ཤེས་རྙེད་པར་གྱུར། བཞི་ནི“བདུན་གཅིག”གི་གལ་ཆེའི་གསུང་བཤད་ནི་གཏིང་ཟབ་ལ་རྒྱ་ཆེ་བས་ང་ཚོས་ཡང་སྐོར་བསྐྱར་སྐོར་དུ་སློབ་སྦྱོང་བྱེད་པ་དང་། གོ་བ་ལེན་པ། ཡིད་ལ་ངེས་དགོས་ཤིང་། གསུང་བཤད་ཀྱི་རེ་བ་ལྟར་གཤིབ་བསྡུར་ཞིབ་བཤེར་དང་། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པ།  རང་ཉིད་ཀྱི་ནུས་པ་མཐོར་འདེགས་བྱེད་པ། གནས་སྐབས་ཀྱི་སློབ་སྦྱོང་ཙམ་མིན་པར་དུས་ཡུན་རིང་པོར་སློབ་སྦྱོང་དང་། རང་ཉིད་ནས་འགོ་བཙུགས་ཏེ་ལག་ལེན་དུ་འདེབས་པ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གི་གལ་ཆེའི་གསུང་བཤད་ཀྱི་དགོངས་པར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་སྒུལ་ཤུགས་སུ་བཟུང་སྟེ། མུ་མཐུད་དུ་ལས་དོན་སྤེལ་བ་དང་བྱ་གཞག་གསར་གཏོད་ཀྱི་ངར་ཤུགས་སློང་དགོས། ཏང་ལ་ལྷག་བསམ་ཟོལ་མེད་བྱེད་པའི་སྙིང་སྟོབས་ཉིད་ནང་བསྟན་སློབ་གླིང་གི་ཞིབ་ཕྲའི་ལས་དོན་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁྲོད་དུ་མཐུད་སྦྱོར་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ་གསོ་སྐྱོང་བྱེད་པའི་བྱ་གཞག་དང“རིམ་པ་གསུམ་གྱི་ཡོན་གནས”འཛུགས་སྐྲུན་བྱེད་པའི་ལས་དོན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས། །