ནང་བསྟན་སློབ་གླིང་གིས་རྒྱལ་ཡོངས་འཐབ་ཕྱོཊ་གཅིག་གྱུར་གྱི་ཚོཊ་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

སྤེལ་དུས། 2016-12-08   

          ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  སློབ་གླིང་ཚན་ཁག་གི་ཁོངས་མི་དང་ཁྲུའུ་ཅུ་གཞོན་པ་ཡན་གྱི་ལས་བྱེད་མི་སྣ། མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་པ་དང་ཏང་ཀྲི་པུའུ་ཡི་ཨུ་ཡོན་ཚོགས་འདུར་ཞུགས་པ་རེད།   
          གྲོས་ཚོགས་ཁྲོད་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་སུན་ཁྲུན་ལན་གྱི་པུའུ་ཀྲང་ཚོགས་འདུའི་སྟེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2016ལོའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་སྤྱིའི་བསམ་ཕྱོགས་དང་སྤྱིའི་བླང་བྱ།  ཡུས་ཀྲུའུ་ཞིས་ནན་གྱིས་བསྟན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཕྱོགས་བཞི་ནས་བཏོན་པའི་གནད་དོན་དང་སུན་པུའུ་ཀྲང་གིས་བཏོན་པའི་གཙོ་གནད་ལས་དོན་བརྒྱད་ལ་གཙོར་བཟུང་ནས་སློབ་སྦྱོང་དང་གྲོས་བསྡུར་བྱས་པ་དང་། ལས་ཚན་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་ཚོགས་ཞུགས་ཀྱི་ཚོར་བ་དང་སློབ་སྦྱོང་གི་མྱོང་ཚོར་སོགས་བརྗེ་རེས་བྱས། ཚོགས་འདུས་ད་དུང་བློ་མཐུན་ཝང་ཀྲེང་ཝུའེ་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པར་བཏོན་པའི་བྱེ་བྲག་གི་བླང་བྱ་བརྒྱུད་བསྒྲགས་བྱས།
          བློ་མཐུན་ཝང་ཁྲང་ཡུས་བསྟན་དོན། ཡུས་ཀྲུའུ་ཞི་དང་སུན་པུའུ་ཀྲང་གིས་གསུང་བཤད་ཁྲོད2015ལོའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཡུས་ཀྲུའུ་ཞིས་མངོན་གསལ་དོད་པའི་དོན་ཆེན་བཅུ་བསྟན། སུན་པུའུ་ཀྲང་གིས་ཕྱོགས་བཞི་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱོགས་བསྡོམས་མཛད་པ་དང་དེ་དག་ལ་ཉན་རྗེས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ལས་ཀར་ཁྱོན་ཡོངས་ནས་ཕྱོགས་སྡོམ་གང་ལེགས་མཛད་ཡོད་པ་དང་ཀྲུང་དབྱང་གི་བློ་མཐུན་འགོ་ཁྲིད་དག་གིས་དུས་སྐབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གསར་པ་དང་། དུས་སྐབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གསར་པ་བཅས་ནང་དོན་གསལ་སྟོན། རྣམ་པ་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་འཕེལ་རྒྱས་ཁོང་དུ་ཆུད་པ་བྱས་ཏེ། དུས་སྐབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ལག་ལེན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད། 2016ལོའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་བཀོད་སྒྲིག་སྐོར་ལ། ཡུས་ཀྲུའུ་ཞིས་ཕྱོགས་བཞིའི་གནད་དོན་ནན་གྱིས་བསྟན་པ་དེ་གཙོ་གནད་འབུར་དུ་ཐོན་པ་དང་དམིགས་སའི་རང་བཞིན་ཤིན་ཏུ་ཆེ་བ། བླང་བྱ་ཧ་ཅང་ཞིབ་ཕྲ་དང་ལྡན། དོན་འཁྱོལ་དམ་འཛིན་གང་ལེགས་བྱེད་པ་འགག་རྩར་བཏོན་པ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད། སུན་པུའུ་ཀྲང་གིས་ཡུས་ཀྲུའུ་ཞིས་ཚོགས་འདུས་ཁྲོད་དུ་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་བཏོན་པའི་དགོངས་དོན་དོན་འཁྱོལ་ཡོང་པར་ཞིབ་ཕྲའི་བྱེད་ཐབས་བཞི་བཏོན་ཡོད་དེ། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ལེགས་པོ་ཇི་ལྟར་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་པུའི་ཚན་ཁག་ཇི་ལྟར་འཛུགས་སྐྱོང་བྱེད་པ། ལས་བྱེད་པའི་དཔུང་སྡེའི་བྱང་ཚད་ཇི་ལྟར་མཐོ་རུ་གཏོང་བ། ཀྲུང་དབྱང་གི་རྗེས་སུ་ཇི་ལྟར་འགྲང་དགོས་པར་རྒྱས་བཤད་གནང་པ་དང་། དབྱེ་ཞིབ་ལེགས་པོ་གནང་ཡོད་པ་ནི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་ཀྱི་གྲུབ་འབྲས་གསར་བ་ཡིན་ལ་མཐོ་རིམ་ནང་བསྟན་སློབ་གླིང་གི་ལས་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་པ་དང་། ལས་བྱེད་མི་སྣའི་བྱང་ཚད་མཐོར་འདེགས་བྱེད་པ་ལ་ལམ་ཕྱོགས་གསལ་པོར་བསྟན་ཡོད།  
          བློ་མཐུན་ལིག་ཕུང་གིས་བསྟན་དོན། 2015ལོར་འཐབ་ཕྱོགས་གཅིག་གྱུར་གྱི་དོན་ཆེན་མང་པ་དང་གྲུབ་འབྲས་ཀྱང་མང་པོ་བླངས་ཡོད། ཡུས་ཀྲུའུ་ཞིས་ཀྲུང་དབྱང་གི་ཚད་མཐོ་སར་ལངས་ནས་ཚད་མཐོ་བའི་གདེང་འཇོག་བྱས་ཡོད། སློབ་གླིང་འདི་ཉིད་བོད་འབྲེལ་ལས་དོན་སྐོར་གྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་ན་ནིང་ཡང་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་དང་། ཡུས་ཀྲུའུ་ཞི་དང་སུན་པུའུ་ཀྲང་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ཁས་ལེན་དང་གདེང་འཇོག་གང་ལེགས་གནང་པ་དེས་ཀྲུང་དབྱང་གི་བློ་མཐུན་འགོ་ཁྲིད་དག་གིས་ང་ཚོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་བཞིན་པ་མཚོན་ཡོད། སུན་པུའུ་ཀྲང་གིས་གསུང་བཤད་ཁྲོད་དུ་བོད་འབྲེལ་ལས་དོན་སྐོར་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་ཡང་དག་ལེགས་པོ་མཛད་པ་དང་།  ལས་དོན་འདི་དག་ནི་དངོས་དངོས་རྗེན་རྗེན་བསྒྲུབས་ནས་བྱུང་བ་དེ་རང་ཉིད་ལ་མྱོང་ཚོར་ཟབ་མོ་ཡོད། དཔེར་ན་ན་ནིང་ཟླ་བཅུ་གཉིས་པར་བོད་ཁུལ་དུ་དགོན་པར་བརྟག་ཞིབ་བྱས་པ་བརྒྱུད་བོད་ཁུལ་གྱི་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་དགོན་སྡེ་ཞི་མཐུན། ཆོས་ལུགས་ཞི་མཐུན་ཡིན་པའི་ཚོར་བ་ཟབ་མོ་ཡོད།  2016ལོར་བོད་འབྲེལ་ལས་དོན་གྱི་ལས་འགན་མང་པ་དང་ལས་དོན་ལྕི་བས། ང་ཚོས་ངེས་པར་དུ་དུས་བབ་གསལ་རྟོགས་དང་གོ་སྐབས་དམ་འཛིན་བྱས་ནས་སུན་པུའུ་ཀྲང་གིས་བཏོན་པའི་བླང་བྱ་ངེས་པར་ལྔ་མཐའ་འཁྱོལ་བར་ལག་བསྟར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་བཟུང་བ་དང་བྱེད་ཐབས་དངོས་བསམ་པ།  ལས་དོན་དངོས་བསྒྲུབ་པ་མཐའ་འཁྱོངས་བྱས་ནས་སློབ་གླིང་གི་《ལོ་ལྔའི་བྱ་བའི་འཆར་འགོད》ཁྲོད་གཏན་ལ་ཕབ་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་ཀའི་བྱ་ཐབས་གཞིར་བཟུང་ནས་སློབ་ཁྲིད་ཀྱི་ལས་དོན་ལེགས་བཅོས་ཤུགས་ཆེན་གཏོང་བ་དང་བསླབ་གཞི་རྩོམ་འབྲིའི་ལས་དོན་འཕེལ་རྒྱས།  སློབ་བསྡུའི་ལས་དོན་གསར་དུ་འཛུགས་པ།  སློབ་མའི་ཆབ་སྲིད་དང་བསམ་བློའི་སློབ་གསོ་བྱ་བར་ཤུགས་སྣོན་རྒྱག་པ། སློབ་གཉེར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སློབ་གླིང་གི་ལས་དོན་ཁག་སྐས་རིམ་གསར་པ་སླེབས་པ་དང་རྣམ་པ་གསར་པ་བསྐྲུན་པའི་ཕྱོགས་ལ་འབད་དགོས།
          སློབ་སྟོན་ཁྲུའུ་ཡི་ཁྲུའུ་ཀྲང་སྒོ་མང་སྤྲུལ་སྐུས་གསུང་བཤད་གནང་དོན། ཡུས་ཀྲུའུ་ཞི་དང་སུན་པུའུ་ཀྲང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་སྐུལ་མ་དང་སྐུལ་ལྕག་ཐེབས་པ་དང་།  རང་ངོས་ནས་ལོ་མང་པོར་ཏང་གི་སློབ་གསོ་ཐོབ་ཅིང་གསོ་སྐྱོང་ལེགས་པོ་གནང་བའི་ཆོས་ལུགས་ལས་རིགས་མི་སྣ་ཞིག་ཡིན་པས་ཏང་གི་འགོ་ཁྲིད་ནི་སྔར་བཞིན་མཐའ་འཁྱོངས་ཡོང་བ་དང་། འགོ་ཁྲིད་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་གོ་བ་ཡག་པོ་ལོན་པར་འབད་ངེས་ཡིན།  རྒྱལ་གཅེས་ཆོས་གཅེས་ཀྱི་བྱང་ཚད་མཐོ་བའི་རབ་བྱུང་བ་གསོ་སྐྱོང་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བའི་ཁྲིད་སྟོན་ཐད་ནུས་ལྡན་འདོན་སྤེལ་བྱ་ངེས་ཡིན། 
          བློ་མཐུན་ལིས་ཧྥང་མིང་དང་ཡུས་ཧུང་ཝུའེ། ལིས་ཕིང་ཕིང་སོགས་ཀྱིས་བསྟན་དོན། ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྲིད་ཇུས་དང་། མ་དངུལ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་དང་ལས་བཟོ་བའི་བྱ་བའི་སྤྲོ་སེམས་བསྐྱེད་ཡོད། 2015ལོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་དོན་ཆེན་པོར་ཞབས་ཞུ་བསྒྲུབ་ནས་བྱས་རྗེས་བཞག་ཡོད་ལ་འཐབ་ཕྱོགས་གཅིག་གྱུར་ལས་དོན་བསྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་སྤོབས་པའི་བསམ་ཚུལ་སྐྱེས་བྱུང་། 2016ལོ་ནི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་འགོ་ཚུགས་པའི་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། འགྲན་སློང་མང་བ་དང་དཀའ་ཁག་ཆེ་བ། ལས་ཀ་སྔར་བས་ལྕི། ཡུས་ཀྲུའུ་ཞིས་བཏོན་པའི་བླང་བྱ་སྔར་ལས་མཐོ། སུན་པུའུ་ཀྲང་གིས་བཏོན་པའི་ལས་ཀའི་བྱ་ཐབས་དེ་བས་ཏན་ཏིག་བྱ་དགོས། ཚོགས་འདུ་དང་འགོ་ཁྲིད་ཀྱི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་ནི་དོན་དམ་པས་རང་འགན་ལེགས་པར་སྒྲུབ་པ་དང་དངོས་དངོས་རྗེན་རྗེན་གྱི་ལས་ཀའི་གྲུབ་འབྲས་ཀྱིས་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གཟི་བརྗིད་ཡོང་བར་བྱེད་པ་དེ་ཡིན། དེ་དང་ཆབས་ཅིག་ཏུ་འགོ་ཁྲིད་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པ།  འགོ་ཁྲིད་ཀྱི་གསུང་བཤད་ཀྱི་དགོངས་དོན་ངོ་བོ་ཡིད་ལ་དམ་པོར་འཛིན་པ། ཚོགས་འདུའི་དགོངས་དོན་དང་འགོ་ཁྲིད་ཀྱི་བླང་བྱར་གཞིགས་ནས་སློབ་གླིང་གི《ལོ་ལྔའི་རིང་གི་ལས་ཀའི་འཆར་འགོད་》དང་2016ལོའི་བྱ་བའི་འཆར་གཞི་དང་ཟུང་འབྲེལ་བྱས་ནས་གཞུང་དང་སྒེར་གྱི་ལས་ཀའི་དམིགས་ཚད་གསལ་པོར་གཏན་འབེབས་བྱས་ནས།  གཙོ་གནད་དང་དཀའ་གནད་དང་གསར་གཏོད་བྱེད་པའི་ལས་དོན་ཤུགས་ཆེར་སྤེལ་བ་དང་།“གནད་གསུམ་དངོས་གསུམ”གྱི་བླང་བྱ་གཞིར་བཟུང་ནས་ཞིབ་ཕྲའི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབ་པ་དང་སློབ་གླིང་གི་ལྟེ་བའི་ལས་འགན་དང་བོད་འབྲེལ་ལས་དོན་ལ་སྤྱི་ཡོངས་ནས་སྟོབས་ཤུགས་འབུལ་དགོས།
          ཚོགས་འདུའི་སྟེང་སུན་པུའུ་ཀྲང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བསྟན་པ་དེས་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་མི་སྣའི་བསམ་འདུན་མཚོན་ཡོད་ལ། སློབ་གླིང་གི་ལས་དོན་ལའང་དམིགས་སའི་རང་བཞིན་ཡོད་པས་གོ་སྐབས་དམ་འཛིན་བྱས་ཏེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་བྱས་རྗེས་འཇོག་དགོས། མི་དོན་ཁྲུའུ་ཡིས་ལྟོས་འཇོག་པུའུ་ཡིས་མི་འགྱངས་པར་གདོན་དགོས་པའི་ལས་བྱེད་རེས་སྦྱོང་འཆར་གཞིར་བཀོད་པའི་སློབ་གླིང་གི་ལས་བྱེད་པ་དང་ལས་བཟོ་རེས་སྐོར་སྦྱོང་བརྡར་གྱི་འཆར་གཞི་ལ་གཞིགས་ནས། ད་ལོར་འཛིན་གྲྭ་གཉིས་སུ་བགོས་ནས་སློབ་གླིང་གི་ལས་བྱེད་པར་རེས་སྐོར་སྦྱོང་བརྡར་ཐེངས་གཅིག་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད། ཚོགས་འདུའི་ཐོག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་གོ་བ་ལོན་དགོས་པ་དང་ཡུས་ཀྲུའུ་ཞི་དང་སུན་པུའུ་ཀྲང་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ཡོང་པ་དང་།  བོད་ལྗོངས་ཀྱི་ལས་ཀའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྙིང་སྟོབས་ཆེར་སྐྱེད། འགག་སྒྲོལ་དཀའ་སེལ། འཕངས་སེམས་མེད་པ། འགན་འཁྲི་འཁུར་ཕོད་པ། སློབ་གླིང་གི《ལོ་ལྔའི་རིང་གི་ལས་ཀའི་འཆར་འགོད་》གཏན་འཁེལ་བྱས་པའི་དམིགས་ཚད་མངོན་འགྱུར་བྱུང་ཆེད་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཞིག་འབྲི་བར་བྱས་རྗེས་འཇོག