ཆོས་དད་རང་མོས་དགོན་སྡེ་ཞི་མཐུན་བྱུང་ཡོད་པ།

སྤེལ་དུས། 2016-10-29   

      ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་གསར་གཏོད་བྱས་ཏེ་ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱ་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་བ་བྱས་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱས་པ། དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བཅས་བྱས་པས། རྒྱ་ཆེའི་གྲྭ་བཙུན་གྱི་སློབ་སྦྱོང་དང་། སྒོམ་སྒྲུབ། འཚོ་བ་བཅས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གཏོད་འདེམས་བྱེད་སྒོ་དམ་འཛིན་བྱེད་གཞིར་བརྩིས་ཏེ་ལྗོངས་ཡོངས་ཀྱི་དགོན་སྡེ་1787དྲུག་འཛུགསདོན་འཁྱོལ་བྱས་པ་དང་ལས་བྱེད་པ་དྲུག་སྟོང་ལྷག་ཙམ་མངགས་གཏོང་བྱས་ནས་དགོན་སྡེའི་དོ་དམ་ཨུ་ལྷན་ཁྱོན་ཡོངས་ལ་ཁྱབ་པ་དང་ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱ་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་བ་བྱས་ཡོད། དུས་མཚུངས་དགོན་སྡེའི་སྤྱི་པའི་ཞབས་ཞུ་ལེགས་གཏོང་ལ་སྣང་ཆེན་བྱས་ཏེ་དགོན་སྡེའིཡོད་པ་དགུལས་གཞིར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔར་རང་སྐྱོང་ལྗོངས་ནོར་སྲིད་ནས་སྒོར་དུང་ཕྱུར་བཅུ་ལྷག་ཙམ་གྱི་ཆེད་སྤྱོད་གྲོན་དངུལ་བཏང་ནས་གཙོ་འཛིན་གྱི་སྐུ་པར་དང་། རྒྱལ་དར། ཚགས་པར། རིག་གནས་དེབ་ཁང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བཅས་དགོན་སྡེར་ཁྱོན་ཡོངས་ནས་ཁྱབ་པ་དང་ཆབས་ཅིག་དགོན་སྡེ་1785ལ་ལམ་ཤར་གཏོང་ཐུབ་པ་དང་། དགོན་སྡེ་1779ལ་ཆུ་ཤར་གཏོང་ཐུབ་པ། དགོན་སྡེ་1751ལ་འཕྲིན་གཏོང་ཁྱབ་པ་བཅས་བྱུང་ནས་དགོན་སྡེའི་གྲྭ་བཙུན་གྱི་རེ་བ་ཆེ་ཤོས་དང་། ཐད་ཀར་འབྲེལ་བ་ཆེ་ཤོས། འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་བཏང་ཡོད། རང་ལྗོངས་ཀྱིས་ད་དུངཡོངས་ཁྱབ་གཅིགཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན། མི་ལུས་ཐོལ་བྱུང་རྨས་སྐྱོན་འགན་བཅོལ་བཅས་ཁྱོན་ཡོངས་ནས་ཁྱབ་པ་བྱ་ཆེད་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ཁ་གསབ་སྒོར་ཁྲི་2000ལྷག་ཙམ་བརྒྱབ་ཐོག་སྒྲིག་ཁོངས་གྲྭ་བཙུན་ལ་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་ཐེངས་གཅིག་བྱས་ནས་བདེ་ཐང་ཡིག་ཚགས་བཟོས་ཡོད།2011ལོ་ནས་བཟུང་བོད་བརྒྱུད་ནང་བསྟན་གྱིབྱེད་སྒོ་སྤེལ་ཡུལ་ཐོ་བཀོད་དོ་དམ་བྱ་ཐབསདང་། 《ཆོས་ལུཌ་ལས་དོན་མི་སྣ་ཐོ་བཀོད་དོ་དམ་བྱ་ཐབས》《དམངས་སྲོལ་རིགས་ཀྱི་ཆོས་ལུགས་བྱེད་སྒོའི་མི་སྣ་དོ་དམ་བྱ་ཐབས》 《སྒོམ་སྒྲུབ་རྒྱག་མཁན་དོ་དམ་བྱ་ཐབསསོགས་ཞིབ་བཟོ་བྱས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ལག་ཁྱེར་དང་། ཁྲིམས་མིའི་འཐུས་མིའི་ལག་ཁྱེར། ཆོས་ལུགས་ལས་དོན་མི་སྣའི་ལག་ཁྱེར། བླ་མའི་ལག་ཁྱེར་སོགསལག་ཁྱེར་བཞིསྤྲད་པའི་ལས་ཀའི་གྲུབ་འབྲས་སྔར་བ་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས་སྒྲིག་བཀུར་ཁྲིམས་སྲུང་དགོན་སྡེ་དང་གྲྭ་བཙུན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ་བོད་བརྒྱུད་ནང་བསྟན་ལས་དོན་གྱི་ཕུགས་ཕན་དོ་དམ་ལམ་སྲོལ་འཛུགས་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།བླ་མ་སྐྱེས་ཆེན་རིམ་བྱུང་གིརྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོནབཅས་དར་སྤེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་བླ་མ་སྐྱེས་ཆེན་སྐོར་སྐྱོད་དྲིལ་བསྒྲགས་བྱེད་དུ་བཅུག་པ་དང་བླ་མ་སྐྱེས་ཆེན་རིམ་བྱུང་མིག་དཔེར་འཛིན་པ་དང་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་བཟང་པོ་དང་ཆོས་ལུགས་རིག་གནས་སློབ་གཞིར་འཛིན་ཏེ་རྒྱ་ཆེའི་གྲྭ་བཙུན་རང་འགུལ་ངང་བརྗོད་བྱ་གཙོ་བོའི་སློབ་གསོའི་ནང་ཞུགས་སུ་བཅུག་ནས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་སྔོན་ཐོན་པ་བྱ་རྒྱུའི་བརྩོན་ལེན་བྱས་ཡོད། དགོན་སྡེ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་གསར་གཏོད་བྱས་པ་བརྒྱུད་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། དགོན་སྡེའི་ལས་དོན་དེ་ཁྲིམས་ལྟར་དོ་དམ་དང་། དམངས་གཙོ་དོ་དམ། སྤྱི་ཚོགས་དོ་དམ་བཅས་དང་གཅིག་གྱུར་ཡོང་བ་བྱས་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་བྱེད་སྤྱོད་གཏན་འགོག་ནུས་ལྡན་བྱས་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྔར་བས་སྲུང་སྐྱོང་བྱས་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་བཅས་བྱས་ཡོད།