བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁག་ཡག་པོ་སྤེལ་ནས་བོད་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

སྤེལ་དུས། 2016-08-18   

——ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཆབ་མདོར་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་གསུམ་པ།
    “བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁག་ཡག་པོ་སྤེལ་རྒྱུ་ནི་བོད་ཡུན་རིང་བདེ་འཁོད་ཡོང་བར་བྱེད་པའི་གཙོ་གནད་ཅིག་ཡིན”ཞེས་པའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཆབ་མདོར་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ལྷག་པར་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་གང་ལེགས་མཚོན་གྱི་ཡོད། ང་ཚོས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོ་སྤེལ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁག་སྔར་བས་ཧུར་བརྩོན་ཆེན་པོ་དང་རང་འགུལ་ངང་ཡག་པོ་སྤེལ་དགོས།
   ཆོས་ལུགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཆོས་ལུགས་ཀྱི་གནད་དོན་ནི་རང་རེའི་ཏང་གིས་རྒྱལ་ཁབ་སྐྱོང་སྐབས་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་གལ་ཆེའི་རང་བཞིན་དམིགས་བསལ་ལྡན་པའི་ཆོས་ལུགས་ལས་དོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཡག་པོ་ཡོང་མིན་དང་འབྲེལ་བ་ཡོད་པ། སྤྱི་ཚོགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ་བྱུང་མིན་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་བྱུང་མིན་དང་འབྲེལ་བ་ཡོད་པ་བཅས་ཡིན”ཞེས་བསྟན་གནང་ཡོད། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་ཞིག་དང་། ཆོས་ལུགས་ཞི་མཐུན་ནི་སྤྱི་ཚོགས་བརྟན་ལྷིང་གི་རྒྱུ་རྐྱེན་གལ་ཆེན་ཞིག དུས་བབ་གསར་པའི་འོག་གི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁག་ཡག་པོ་སྤེལ་རྒྱུ་ནི་བོད་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་གཙོ་གནད་དང་འགག་རྩ་ཞིག་བཅས་རེད།
   དུས་བབ་གསར་པའི་འོག་གི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁག་ཡག་པོ་སྤེལ་དགོས་ན། བསམ་བློ་དང་བྱ་སྤྱོད་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་རང་རྒྱལ་གྱི་ཆོས་ལུགས་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་གསལ་བཏོན་གནང་བ་མ་ཟད། ད་དུང་ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཁག་ཡག་པོ་སྤེལ་དགོས་པའི་བཀོད་སྒྲིག་ཀྱང་གནང་ཡོད། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱུང་མིན་གྱི་འགག་རྩ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ཆོས་ལུགས་གནད་དོན་སྐོར་གྱི་དགོངས་པ་གསར་པ་དང་། གཟིགས་ཚུལ་གསར་པ། བླང་བྱ་གསར་པ་བཅས་ལ་འཕྱུགས་པ་མེད་པའི་སྒོ་ནས་གོ་བ་ལེན་རྒྱུ། ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུ། མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་ལེན་གང་ལེགས་བྱ་རྒྱུ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་བཅས་ལ་ཐུག་ཡོད།
    དུས་བབ་གསར་པའི་འོག་གི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁག་ཡག་པོ་སྤེལ་དགོས་ན། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཆབས་ཅིག་ཁྲིམས་ལུགས་ལྟར་དོ་དམ་བྱ་རྒྱུ་དང་། དམངས་གཙོའི་ཐོག་ནས་དོ་དམ་བྱ་རྒྱུ། སྤྱི་ཚོགས་ཅན་གྱི་དོ་དམ་བྱ་རྒྱུ་བཅས་ཟུང་འབྲེལ་བྱས་ཏེ། ཕྱི་རྒྱལ་གྱི་ཕྱོགས་གཏོགས་པས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ངན་པ་བཟོ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དགོན་སྡེའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལུགས་ལྟར་འགན་ལེན་བྱེད་ལ། དད་ལྡན་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཆོས་ལུགས་འཚོ་བའང་འགན་ལེན་བྱེད་དགོས།
    དུས་བབ་གསར་པའི་འོག་གི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁག་ཡག་པོ་སྤེལ་དགོས་ན། ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་དང་དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཐོག་ནས་ཆོས་ཁྲིམས་དང་བསྟན་དོན་འཆད་འགྲེལ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ལ་རྒྱབ་སྐྱོར་ཡང་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
    རང་ཚུགས་དང་། རང་བདག རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་སྤྱི་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་དད་ལྡན་མང་ཚོགས་ལ་མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་གཏོང་དགོས་ལ་ཁྲིད་སྟོན་ཡང་བྱེད་དགོས།
    ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཐད་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ངོས་འཛིན་གཅིག་མཐུན་ཡོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་ཐུབ་པས་མི་རིགས་བསྐྱར་དར་སྔ་ཙམ་ཡོང་ཕྱིར་ང་ཚོས་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་ཡིན།