ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གསུམ་པའི་མཐོ་རམས་པ་དང་སྐབས་ལྔ་པའི་འབྲིང་རམས་པའི་ཡོན་གནས། སྐབས་བཞི་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་བཅས་ཀྱི་དམ་བཅའི་རྩོད་རྒྱུཊ་དངོས་སུ་འགོ་ཚུཊ་ཡོད་པ།

སྤེལ་དུས། 2017-05-15   

          ཟླ་5པའི་ཚེས་13ཉིན་གྱི་ཞོགས་པར་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཚོམས་ཆེན་ཉི་འོད་འཁྱིལ་བའི་ལྡིང་ཁང་དུ་བོད་བརྒྱུད་ནང་བསྟན་སྐབས་བཅུ་གསུམ་པའི་མཐོ་རམས་པ་དང་སྐབས་ལྔ་པའི་འབྲིང་རམས་པའི་ཡོན་གནས། སྐབས་བཞི་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་སྤྲོད་པའི་དམ་བཅའི་རྩོད་རྒྱུགས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཡོད།
          བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། མཐོ་རིམ་ནང་བསྟན་སློབ་གླིང་གི་བློ་འདོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་བཞེས་གནང་བའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་དགེ་ལུགས་པ་དང་། ས་སྐྱ་པ། རྙིང་མ་བ། བོན་པོ་བཅས་གྲུབ་མཐའ་བཞིའི་རྒྱུགས་ར་དྲུག་གི་རྩོད་རྒྱུགས་དམ་བཅའི་བགྲོ་གླེང་རེ་རེའི་ རྩོད་རྒྱུགས་ལ་གཟིགས་སྐོར་གནང་ཞིང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་མཐུ་སྟོབས་སེང་གེ་དང་། གླིང་གཙོ་གཞོན་པ་སྒོ་མང་ཚང་། གླིང་གཙོ་གཞོན་པ་གནམ་ལྷ་བཀྲ་ཤིས་སོགས་ཀྱིས་ཕེབས་རོགས་ཞུས་ཏེ་གཟིགས་སྐོར་གནང་བ་རེད། 
          སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་གསུངས་དོན།  གཞུང་ཆེན་བཀའ་པོད་ལྔའི་དམ་བཅའི་རྩོད་རྒྱུགས་ཕྱག་སྲོལ་བཟང་བོ་འདི་ཉིད་སྔར་དགེ་ལུགས་པར་གྲགས་ཆེ་ལ། དེང་གྲུབ་མཐའ་རིས་མེད་ལ་ཁྱབ་བརྡལ་དུ་སོང་བ་དེ་ཉིད་དགའ་འོས་པའི་དོན་བཟང་ཞིག་རེད།
སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་རྒྱུགས་རར་གཟིགས་སྐོར་གནང་བཞིན་པ།
མཐོ་རམས་པའི་རྒྱུགས་རའི་ཡུལ་དངོས།
དགེ་ལུགས་པའི་རྒྱུགས་རའི་ཡུལ་དངོས།
ས་སྐྱ་པའི་རྒྱུགས་རའི་ཡུལ་དངོས།
རྙིང་མ་བའི་རྒྱུགས་རའི་ཡུལ་དངོས།
བོན་པོ་བའི་རྒྱུགས་རའི་ཡུལ་དངོས།