ཆོས་དོན་དགོངས་འགྲེལ་ར་བ།

སྤེལ་དུས། 2016-09-06   

  རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དམངས་ཀྱི་སེམས་ལ་ཟུག་ཅིང་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད་པས། མདུན་ལམ་ཤིན་ཏུ་བཟང།
  འཇམ་བཞད་བློ་བཟང་འཇག་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ།

  འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམས་པ་གསར་པའི་མི་རིགས་འབྲེལ་བ་སེམས་ལ་ཟུག་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་དམངས་ཀྱིས་མོས་བཀུར་ཐོབ་པས། ཐུན་མོང་ཐོག་མཐུན་་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་དམངས་ཀྱི་འདོད་བློ་དང་མཐུན་ཡོད། གང་ཞིག་གཙིགས་ཆེར་འཛིན་ཡར་ཏང་གི་འགོ་ཁྲིད་ཨང་དང་པོ་ཡིན།

  ཀྲུང་གོ་གུང་ཁྲོན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ། ཡུན་རིང་གསར་རྗེའི་འཐབ་རྩོད་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་ལ་གཉའ་གནོན་གཏོང་མཁན་གྱི་བཙན་རྒྱལ་རིང་ལུགས་དང་། བཀའ་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ཀྱི་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། དེ་ནས་བཟང་ཀྲུང་གོའི་མི་དམངས་ལ་རྒྱལ་ཁབ་ཀྱི་བདག་དབང་ཐོབ་སྟེ་རྒྱལ་ཁབ་ཀྱི་བདག་པོར་གྱུར་བ་དང་། དེ་ནས་བཟུང་དབུལ་ཕོངས་རྗེས་ལུས་ཀྱི་ཀྲུང་གོ་འདི་ཉིད་སྟོབས་འབྱོར་མངའ་ཐང་རྒྱས་པའི་ལམ་བུའི་ཐོག་མདུན་བསྐྱོད་བྱས་པ་དང་། དེ་ནས་བཟུང་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན། བཅའ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པའི་མི་རིགས་འབྲེལ་བ་བརྟན་པོར་ཚུགས་པ་རེད། དེ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག མི་་རིགས་ཁག་གི་མཐུན་སྒྲིལ་རྡོག་རྩལ་གཅིག་སྒྲིལ་དང་བློ་སེམས་གཅིག་མཐུན་གྱིས་སྤྱོ་ཚོགས་རིང་ལུགས་ལམ་བུའི་ཐོག་གོམས་སྟབས་ཆེན་པོས་མདུན་བསྐྱོད་བྱེད་བཞིན་ཡོད།
   ཀྲུང་གོ་གུང་ཁྲོན་ཏང་ནི་རླབས་ཆེན་དང་གཟི་བརྗིད། ཡང་དག་བཅས་ཀྱི་ཏང་ཞིག་ཡིན་པ་དང་། དོན་དངོས་གྲངས་མེད་ལས་ར་སྤྲོད་བྱུང་བར། ཀྲུང་གོ་གུང་ཁྲོན་ཏང་གིས་གཞི་ནས་ཀྲུང་གོའི་མི་དམངས་ལ་སྣེ་ཁྲིད་ཀྱིས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ་པ་རེད། ཏང་གི་འགོ་ཁྲིད་བྱ་རྒྱུ་ནི་་མི་དམངས་ཀྱི་གདམ་ག་དང་ལོ་རྒྱུས་ཀྱི་གདམ་ག་ཡིན་ཏེ། ཡར་ལངས་བཅིངས་འགྲོ་ཐོབ་པ་ནི་ཏང་གི་དབུ་ཁྲིད་ལ་བརྟེན་ནས་བྱུང་བ་དང་། སྟོབས་འབྱོར་མངའ་ཐང་རྒྱས་པའང་ཏང་གི་དབུ་ཁྲིད་བརྟེན་ནས་བྱུང་བ་ཡིན་པས། ཏང་གི་དབུ་ཁྲིད་བྱེད་པ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་སྟེ་ཀྲུང་གོའི་ཕུགས་འདུན་མངོན་འགྲུབ་བྱེད་པའི་རེ་བ་བཅོལ་ས་ཡང་ཡིན།
  ང་ཆོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། ཧུར་བརྩོན་ཆེན་པོས་རང་བབ་ལས་ཀ་ལེགས་པར་བསྒྲུབ་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མེས་རྒྱལ་གྱི་མཚར་སྡུག་རྣམ་པ་བཀྲ་བའི་མ་འོངས་ལ་བསུ་བ་ཞུ་དགོས།
  ཡག་པོ་ཁྲི་སྟོང་མང་པའི་ནང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ནི་ཡག་ཤོས་ཡིན།
  ང་ནི་ཀན་སུའུ་རུ་ལས་དོན་སྒྲུབ་མཁན་གྱི་བོད་རིགས་སྤྱི་དམངས་ཤིག་ཡིན་ལ། བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་ཞིག་ཀྱང་ཡིན། སྤྱི་ཚོགས་རྙིང་པའི་སྐབས། བོད་རིགས་རྣམས་ཆེས་སྡུག་རྩུབ་ཀྱི་བཀས་བཀོད་རྒྱུད་འཛིན་ཞིན་བྲན་ལམ་ལུགས་འོག་གཉའ་གནོན་བཤུ་གཞོག་ཅི་རིགས་ཕོག་པ་དང་། ཞིང་བྲན་ཁྲི་ཚོ་མང་པོ་རྟ་ཟོག་དུད་འགྲོ་ལས་ཞན་པའི་འཚོ་བ་སྐྱེལ་བཞིན་ཡོད། ལྷག་པར་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལོག་སྤྱོད་དབང་སྒྱུར་འོག དཔལ་འབྱོར་ཉམས་དམས་པ་དང་། རིག་གནས་ཤིན་ཏུ་རྗེས་ལུས་ཡིན་པ། སྤྱི་ཚོགས་ཀྱང་ཡར་ཐོན་བྱུང་མེད་པས། སྐབས་དེ་དུས་ཀྱི་བོད་ཁུག་ཤིན་ཏུ་རྗེས་ལུས་ཡིན་པ་དང་བོད་ཁུལ་མི་རིགས་ཁག་གི་མི་དམངས་ཀྱང་བཟོད་དཀའ་བའི་དཀའ་སྡུག་འོག་ལུས་ཡོད།

   ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འོག དུས་རབས་གོང་མོའི་ལོ་རབས་ལྔ་བཅུ་པའི་དུས་མཇུག་ཏུ་རང་རྒྱལ་གྱི་བོད་རིགས་ས་ཁུལ་ཁག་ཏུ་སྔ་རྗེས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་དང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་མགོ་རྟིང་བསློག་ནས་ཡར་ལངས་ཞིང་བྲན་ལ་བཅིངས་འགྲོལ་ཐོབ་ཏེ་རང་ཁྱིམ་རང་བདག་བྱུང་བས།  བོད་རིགས་མི་དམངས་རྣམས་རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ལམ་བུའི་ཐོབ་བསྐྱོད་པ་རེད། དམངས་གཙོ་བཅོས་བསྒྱུར་དང་ཆོས་སྲིད་རྦད་དེ་ལོགས་སུ་འབྱེད་པ་དང་བསྟུན། དད་མོས་ལ་རང་དབང་ཐོབ་ཏེ་ཆོས་ལུགས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་ཅིང། ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལུགས་ལ་དད་པ་མེད་པའི་སྤྱི་དམངས་ཕན་ཚུན་བརྩི་འཇོག་དང་རྦད་དེ་འདྲ་མཉམ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་སྤྱི་ཚོགས་དཀར་ནག་ནོག་ཏུ་གྱུར་པའི་བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་བྱེད་པའི་ལམ་བུའི་ཐོག་བསྐྱོད་འགོ་བཙུགས་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་རེ་འདུན་དང་གཞི་རྩའི་ཁེ་ཕན་ཐུག་ས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་ཡང་ཀྲུང་ཧྭ་མི་རིགས་ཀྱིས་བསྐྱར་དར་རླབས་པོ་ཆེ་མངོན་འགྲུབ་བྱེད་པའི་ཡང་དག་བགྲོད་ལམ་ཉག་་ཅིག་དེ་ཡང་ཡིན་པས། ཀྲུང་གོའི་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་བརྟན་་བརླིང་ལ་ཞབས་ཞུ་སྒྲུབ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཞབས་ཞུ་སྒྲུབ་རྒྱུ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་པའི་འཁན་འཁྲི་ཡིན་པས། བོད་བརྒྱུད་ནང་བསྟན་ལས་རིགས་པས་རྒྱལ་གཅེས་ཆོས་གཅེས་ཀྱི་ཡང་དག་ལངས་ཕྱོགས་རྒྱུན་འཛིན་གྱིས་མི་རིགས་ཁག་གི་མི་རིགས་དང་བློ་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་ཀྱི་བསམ་པ་འཁུར་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ངེས་ཡིན། 

  རི་ཀླུང་ཁྲི་སྟོང་མང་པོའི་སྒེས་ཉམས་ལས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བས་མཛེས།
  རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། རྒྱལ་ནང་མི་རིགས་ཁག་མི་དམངས་རིགས་མཐུན་སྒྲིལ་བཅའ་ནི་ང་ཚོའི་བྱ་གཞག་ལ་རྒྱལ་ཁ་ཐོབ་པའི་གཞི་རྩའི་འགན་ལེན་ཡིན། རང་རྒྱལ་གྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་རྒྱལ་ཁྱབ་གཅིག་གྱུར་ལ་འགན་ལེན་དང་། མི་རིགས་རང་སྐྱོང་ས་ཁུལ་གྱིས་རང་ས་གནས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་གཏོང་བར་འགན་ལེན། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱིས་དར་རྒྱས་གོང་འཕེལ་ཡོང་བ་བཅས་ལ་འགན་ལེན་བྱས་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མར་ལེ་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་དོན་སྤྱད་དེ་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་པས། རྒྱལ་ཁབ་ཀྱི་རྩ་བའི་སྲིད་ཇུས་ཤིག་ཀྱང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་ཐག་པ་ནས་བརྩི་བཀུར་ཐོབ་ཡོད་པས། རྒྱལ་གྱི་མི་རིགས་ལས་དོན་གྱི་དོན་དངོས་དང་རྦད་དེ་མཐུན་ཡོད།  
  《ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལུགས》ནི་རང་རྒྱལ་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པའི་གཞི་རྩའི་ཁྲིམས་ལུགས་ཤིང་ཡིན་ཅིང་། གཏན་འབེབས་ལག་བསྟར་བྱས་ཚུན་གྱི་ལོ་ངོ་སུམ་ཅུའི་རིང་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཁག་ཏུ་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་གྱིས་རང་སྐྱོང་ལས་ཁུངས་བཙུགས་པ་དང་། རང་སྐྱོང་དབང་ཆ་འཛིན་སྤྱོད་བྱེད་དགོས་ཅེས་གཏན་འབེབས་ཁ་གསབ་བྱས་ཡོད་པ་ལས། རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཁག་སོ་སོས་རང་མི་རིགས་ནང་ཁུལ་གྱི་ལས་དོན་ཐག་གཅོད་བྱེད་པའི་དབང་ཆར་འགན་ལེན་དང་བརྩི་བཀུར་གོང་ལེགས་བྱེད་པ་མཚོན་ཡོད་ལ། རྒྱལ་ཁབ་ཀྱིས་མི་རིགས་ཁག་འདྲ་མཉམ་དང་མཐུན་སྒྲིལ། ཐུན་མོང་ཐོག་དར་རྒྱས་ཡོང་བའི་རྩ་དོན་མཐའ་འཁྱོངས་བྱེད་པ་མཚོན་ཡོད། རང་རྒྱལ་དུ་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་དུས་རབས་གསར་པའི་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་དུས་ཐོག་ཏུ་མི་རིགས་རང་སྐྱོང་ས་ཁོངས་གཏན་འབེབས་བྱས་པ་ཡིན། མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། རིགས་གནས་སོགས་བཅས་ཀྱི་བྱ་གཞག་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གཏན་འབེབས་ལག་བསྟར་བྱས་པའི་ལོ་ངོ་སུམ་ཅུ་ནི་རང་རྒྱལ་གྱི་མི་རིགས་ས་ཁུལ་འཕེལ་རྒྱས་འགྲོ་འགྱོགས་ཤོས་ཀྱི་དུས་ཤིག་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་གྱི་དུས་ཤིག མི་རིགས་ས་ཁུལ་གྱི་མི་དམངས་རྣམས་ཆེས་བདེ་སྐྱིད་ཀྱི་དུས་སྐབས་ཤིག་ཡིན། འདས་ཟིན་པའི་འོད་སྟོང་འབར་བའི་གྲུབ་འབྲས་བལྟས་ཚེ། མ་འོངས་པ་ནི་དེ་བྱེད་པའི་རླབས་ཆེའི་བརྒྱད་རིམ་ཁྲོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་དེ་བས་ཆེ་བ་འདོན་ངེས་ཡིན་ལ། མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་ཁག་གི་མ་འོངས་ཀྱང་དེ་བས་མཚར་སྡུག་དང་ལྡན་ངེས་རེད།

  གཏམ་རྒྱལ་བཤད་སྟོང་བཤད་ཀྱི་སྙིང་པོ་མི་རིགས་ཁག་གི་མི་དམངས་ཀྱི་བློ་ཁ་ཀྲུང་གོའི་ཕུགས་འདུན་ལ་ཕྱོགས་པ།
  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དང་གཏོང་རྒྱུ་ནི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་ལས་འགན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ལ། ང་ཚོ་ཀྲུང་ཧྭ་མི་དམངས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ལེགས་སྐྱེས་འབུལ་བའི་བྱ་སྤྱོད་དངོས་ཀྱང་ཡིན།
  མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་མི་རིགས་ས་ཁོངས་རང་སྐྱོང་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་གལ་ཆེའི་འགན་ལེན་ཡིན་པས། ང་ཚོ་དེ་བས་ལེགས་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ཏེ། མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་ཡོང་བར་ཞབས་ཞུ་སྒྲུབ་དགོས། དུས་ཐོག་ཏུ་མི་རིགས་ས་ཁོངས་ཀྱི་རང་སྐྱོང་བཅའ་ཁྲིམས་ལ་བཟོ་བཅོས་དང་འཐུས་ཚང་གཏོང་རྒྱུར་དོ་སྣང་བྱ་དགོས་པ་མ་ཟད་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དང་རང་སྐྱོང་སྲོལ་ཡིག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྒོ་ཀུན་ནས་ཡང་དག་ངང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་དོ་སྣང་། མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཆེད་བཙུགས་ཨུ་ཡོན་ལྷན་ཁང་། དེ་བཞིན་མི་དམངས་འཐུས་མི་བཅས་ཀྱིས་མི་རིགས་ལས་དོན་སྒྲུབ་སྐབས་ཁྲིམས་ལྟར་རང་གི་འགན་འཁྲིའི་བསྒྲུབ་ནས་ཐོན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་བཅས་ལ་དོ་སྣང་བྱེད་དགོས།
  ཁ་ཕྲལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་ཡུན་རིང་དང་རྙོག་འཛིང་། རྣོ་ངར་བཅས་ལྡན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་ཀྱི་ལོ་རྒྱུས་དུས་རིམ་ནང་ཁྱབ་ཅིང་སྔ་ཕྱི་བར་དུ་གསུམ་དུ་ཁ་ཕྲལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་་གནས་ངས་རེད། མི་རིགས་ཁ་ཕྲལ་རིང་ལུགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་ནི་རང་རྒྱལ་མི་རིགས་ས་ཁུལ་བརྟན་བརླིང་མིན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པས། ང་ཚོས་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་ལ་སྐུལ་འདེད། མི་རིགས་ཁ་ཕྲལ་ལ་རྔོ་རྒོལ་བཅས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་གཏུགས་བྱ་དགོས།《མི་རིགས་ས་ཁོངས་རང་སྐྱོང་བཅལ་ཁྲིམས 》བཅས་དོན་མཚན་པ་ནི་ནང་དོན་གལ་ཆེན་ཞིག་ཡིན་ཏེ། ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་རྒྱུ་ནི་མི་རིགས་ས་ཁུལ་གྱི་ལས་དོན་གལ་ཆེན་ཞིག་ཡིན། ང་ཚོ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ནན་ཏན་ངང་མི་རིགས་ས་ཁོངས་རང་སྐྱོང་བཅལ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཚམ་མཐུན་བྱེད་པའི་འཕེལ་རིམ་ལ་སྐུལའདེད་ཤུགས་ཆེན་བཏང་ནས། ཆོས་ལུགས་དད་པ་བྱེད་པའི་སྤྱི་དམངས་དང་དད་པ་མེད་པའི་སྤྱི་དམངས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས།
  ཀྲུང་ཧྭ་མི་རིགས་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་གཅིག་མཐུན་ཕུང་པོ་དང་། ཀྲུང་ཧྭ་ས་གཞི་ཆེན་པོ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ཁྱིམ་གཞི་ཡིན། ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ནི་རང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཉམ་དུ་གསར་འཛུགས་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཀྲུང་མི་རིགས་སྐྱར་དར་རླབས་པོ་ཆེ་སྟེ་ཀྲུང་གོའི་ཕུགས་འདུན་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་བཅས་ཡིན་པས། བརྒྱ་བཤད་སྟོང་བཤད་ཀྱི་སྐད་གཅིག་བསྡུས་ན། བསམ་པ་གཅིག་མཐུན་གྱིས་ཀྲུང་ཧྭ་དར་རྒྱས་གཏོང་རྒྱུ་དེ་རེད།