ཆོས་དོན་དགོངས་འགྲེལ་ར་བ།

སྤེལ་དུས། 2016-09-06    ལྷག་པ་ཕུན་ཚོགས།

  ཆོས་དོན་དགོངས་འགྲེལ་ལས་དོན་ནི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་འཐུན་ཡོང་བར་འཁྲིད་སྟོན་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན།
  ད་སྐབས་རང་རྒྱལ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང།བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ། དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་བསྒྱུར་བའི་འགག་རྩའི་དུས་འདིར། ཆབ་སྲིད་བརྟན་ལ། དཔལ་འབྱོར་འཕེལ་ཞིང་། རིག་གནས་དར་བ་དང་། སྤྱི་ཚོགས་འཆམ་ལ་མཐུན་ཞིང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། བཀྲ་ཤིས་པའི་དུས་བབ་བཟང་པོ་འདི་ལྟའི་འོག བོད་བརྒྱུད་ནང་བསྟནཆོས་དོན་དགོངས་འགྲེལ་དཔྱད་གླེང་ཚོགས་འདུ་འཚོགས་པ་ལས། བོད་བརྒྱུད་ནང་བསྟན་དང་སྤྱི་ ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་བྱེད་པའི་བགྲོད་ལམ་ཐོག་བྱས་རྗེས་གསར་པ་འཇོག་རྒྱུའི་ཆོད་སེམས་མཚོན་ཡོད།
  ཏང་གི་་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུར།“ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་། ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས།”ཞེས་གསལ་ཡོད། ཅི་འདྲ་བྱས་ནས་ཁོང་རྣམས་པའི་དགེ་་མཚན་ལྡན་པའི་ནུས་པ་འདོན་སྤེ་བྱེད་དུ་འཇུག་རྒྱུ་འདི་་ནི་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་ནང་དོན་གལ་ཆེན་ཞིག་རེད། དཔལ་འབྱོར་སྤྱི་ཚགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་། ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་ན། ངེས་པར་དུ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་འཁྲིད་སྟོན་ཧུར་ཐག་བྱ་དགོས། བོད་བརྒྱུད་ནང་བསྟན་ལ་སྔར་ནས་བཟུང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ཡོད་པ་མ་ཟད། རང་ཉིད་གནས་སའི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་ཆེད་རྒྱལ་བའི་བཀའ་ཡིག་ཡང་ཡུལ་དུས་དང་བསྟུན་དགོས་པའི་ངོས་འཛིན་གནང་སྲོལ་ཡོད།  ད་སྐབས་རང་རེའི་རྒྱལ་ཁབ་གཞུང་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་བྱ་དགོས། ཞེས་བཏོན་པའི་བླང་བྱ་དེ་ཡང། ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཆབ་སྲིད་ཐད་མེས་རྒྱལ་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱ་དགོས་ཟེར་བ་ལས། རང་ཉིད་ཀྱི་ཆོས་ལུགས་བསམ་བློ་དང་དད་པ་དོར་དགོས་ཟེར་བ་གཏན་ནས་ཡིན། སྐབས་སུ་བབས་པའི་དོན་གྱི་སྙིང་པོ་གལ་ཆེན་ཞིག་ནི་སྤྱི་ཚོགས་རིང་ལུགས་དང་མི་འཚམ་པའི་རིགས་རྣམས་བསྒྱུར་བཅོས་དང། ནང་བསྟན་ཆོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ཡོད་དགུ་བཀོལ་སྤྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་རེད། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་ཡོང་བར་འཁྲིད་སྟོན་ཧུར་ཐག་བྱ་དགོས། ཞེས་པ་འདི་ནི། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་སུ་་གནས་པའི་དོན་དངོས་ལ་གཞིགས་ནས། ཀྲུང་གོའི་གསར་པ་དབུ་བརྙེས་ཚུན་གྱི་ཆོས་ལུགས་ལས་དོན་སྐོར་གྱི་ཉམས་མྱོང་བཟང་པོ་རྣམས་ཕྱོགས་བསྡོམས་བྱ་ཏེ་བཏོན་པའི་ཚན་རིག་དང་མཐུན་པའི་སྡོམ་ཚིག་ཅིག་ཡིན་པས། རང་རྒྱལ་གྱི་ཆོས་ལུགས་ལས་དོན་གོང་ནས་གོང་དུ་སྤེལ་ཕྱིར་ཁ་ཕྱོགས་གསལ་པོ་བསྟན་པ་རེད།  
  ཆོས་དོན་དགོངས་འགྲེལ་སྐོར་གྱི་ཞིབ་འཇུག་ལས་ཀ་དག་ནི་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་འཁྲིད་སྟོན་བྱེད་པའི་ཞིབ་ཕྲའི་ནང་དོན་གལ་ཆེན་ཞིག་ཡིན་པས། དེའི་དོན་སྙིང་གཙོ་བོ་ནི་ནང་བསྟན་ཆོས་ཀྱི་དགོངས་པར་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་རིག་དཔལ་ཡོན་དར་བའི་བླང་བྱ་དང་མཐུན་པའི་དེང་རབས་ཀྱི་འགྲེལ་བཤད་བྱས་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕུན་ཚུན་འཚམ་མཐུན་ཡོང་བར་འཁྲིད་སྟོན་བྱེད་པའི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུ་དེ་རེད།
  ཆོས་དོན་དགོངས་འགྲེལ་ནི་བརྒྱུད་ནང་བསྟན་ལ་སྔར་ནས་ཡོད་པའི་སྲོལ་རྒྱུན་ཡིན་པས། དེ་སྔ་ཕྱི་བར་གསུམ་དུ་བོད་བརྒྱུད་ནང་བསྟན་དར་རྒུད་ཅི་ཡོང་དང་འབྲེལ་བ་དམ་ཡོད། ནང་བསྟན་ཆོས་ཀྱི་དགོངས་པར་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་རིག་དཔལ་ཡོན་དར་བའི་བླང་བྱ་དང་མཐུན་པའི་དེང་རབས་ཀྱི་འགྲེལ་བཤད་བྱ་རྒྱུ་འདི་ནི། བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་དང་འཚམ་མཐུན་བྱེད་པའི་དགོས་མཁོ་དང་། འཚོ་བ་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པའི་འགྲོ་ཕྱོགས་ལྡོག་མེད་ཅིག་ཡིན་པས། ཆོས་དོན་དགོངས་འགྲེལ་ལས་དོན་ལེགས་པར་བསྒྲུབ་ན། བོད་བརྒྱུད་ནང་བསྟན་ཉམས་མེད་སྐྱོན་བྲལ་ངང་ཡུན་རིང་འཛིན་སྐྱོང་བྱས་ནས། སྤྱི་ཚོགས་ལ་ཕན་པ་དང་འགྲོ་བའི་དོན་བསྒྲུབ་རྒྱུར་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། དེས་ན་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་རྒྱལ་བའི་བཀའ་དང་རང་ཉིད་ཀྱི་སྲོལ་རྒྱུན་བཟང་པོ་དང་འཛིན་སྐྱོང་དར་སྤེལ་བཏང་ནས། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་གྱི་ལས་ལ་ངལ་བར་གཞོལ་ནས། བོད་བརྒྱུད་ནང་བསྟན་དབ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། 
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་དཔལ་འབྱོར་གྱི་མངའ་ཐང་ཆེ་ལ། སྲིད་དོན་གཙང་ཞིང་། རིག་གནས་དར་བ་དང་། སྤྱི་ཚོགས་འཆམ་ལ་མཐུན་ཞིང་། ཁོར་ཡུག་མཛེས་པའི་དེང་རབས་ཅན་གྱི་ཀྲུང་གོ་ཞིག་ང་ཚོར་འཆར་འགོད་གནང་ཡོད། ང་ཚོ་ཚང་མས་རྣམ་པ་གསར་པ་འདི་ཆོས་དོན་དགོངས་འགྲེལ་གྱི་མཐུན་རྐྱེན་ལ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བསྐྱོད་དེ། ཡང་འབད་བསྐྱར་འབད་ཀྱིས་གྲུབ་འབྲས་གསར་པ་ཡང་ནས་ཡང་དུ་ཐོབ་པ་བྱས་ཏེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་སྐུལ་འདེད་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བརྟན་ལྷིང་ཡོང་ཕྱིར་རང་ནུས་གང་ཡོད་འདོན་དགོས།
      མེས་རྒྱལ་མངའ་ཐང་རྒྱས་ལ། མི་དམངས་བདེ་སྐྱིད་དང། སྤྱི་ཚོགས་ལཆམ་མཐུན། ནང་བསྟན་ཡར་ཐོན་ཡོང་བའི་སྨོན་འདུན་ཞུ།