སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་སྐྱེད་སྲིང་དོན་འཁྱོལ་བྱེད་ཐབས།

སྤེལ་དུས། 2016-09-01   

  སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་སྐྱེད་སྲིང་དོན་འཁྱོལ་བྱེད་ཐབས་ནི་འཚམ་མཐུན་བྱ་གཞག་ཡང་དག་ཕྱོགས་ལ་འཁྲིད་པའི་ལམ་སྟོན་སྒྲོན་མེ་དང་གོང་དུ་འཕེལ་བའི་འགུལ་ཤུགས་ཡིན།
  ལྗགས་རྩོམ་འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་སློབ་རྣམས་ཀྱིས་《སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱེད་ཐབས་སྐོར་གྱི་བསམ་འཆར་》སློབ་སྦྱོང་བྱེད་པའི་ཚོགས་འདུའི་ཐོག་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་ནས་གནང་བའི་གསུང་བཤད་ཀྱི་ནང་དོན་གནད་བཏུས་ཡིན།

 

འཇམ་བཞད་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས།
(2014ལོའི་ཟླ་2ཚེས་24ཉིན།)
 

  ན་ནིང་ཟླ་12པར།  ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཁང་གིས་《སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱེད་ཐབས་སྐོར་གྱི་བསམ་འཆར་》འགྲེམས་བསྒྲགས་གནང་བ་རེད།《བསམ་འཆར་》ནང་ཕྱོགས་དྲུག་གི་ཐད་ནས་ཞིབ་ཕྲའི་དགོངས་འཆར་དོན་ཚན་ཉེར་གསུམ་བཏོན་གནང་ཡོད།  འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད།  རང་རེའི་རྒྱལ་ཁབ་ཀྱི་དོན་དངོས་དང་ཡོངས་སུ་མཐུན་པ་ཞིག་ཡིན་པས།  ད་ཡོད་དང་འབྱུང་འགྱུར་གང་ལ་བསམ་ན་ཡང་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་རེད།《བསམ་འཆར་》ནང་།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་གོང་འཕེལ་དང་།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་སྟེ་ཀྲུང་གོའི་ཕུགས་འདུན་མངོན་གྲུབ་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། ཅེས་གསལ་སྟོན་གནང་ཡོད།
   ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་གཟི་བརྗིད་འོད་ཟེར་འོག  རྒྱ་བོད་ལྷོ་བརྒྱུད་དང་བཅས་པའི་རང་རྒྱལ་གྱི་ནང་བསྟན་ཆོས་ལུགས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་བྱེད་པའི་ལམ་བུར་སྐྱོད་འགོ་ཚུགས་པ་རེད།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱེད་ཐབས་ནི།  ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་བྱེད་པའི་བྱ་གཞག་འདི་ཉིད་ཡང་དག་ཕྱོགས་ལ་འཁྲིད་སྟོན་བྱེད་པའི་སྒྲོན་མེ་དང་གོང་ནས་གོང་དུ་འཕེལ་བའི་འགུལ་ཤུགས་རེད།  《བསམ་འཆར་》ནང་།  སྟོབས་འབྱོར།  དམངས་གཙོ།  ཡ་རབས།  འཆམ་མཐུན་བཅས་ནི་རྒྱལ་ཁབ་ངོས་ཀྱི་རིན་ཐང་དམིགས་ཚད་ཡིན་པ་དང་།  རང་དབང་།  འདྲ་མཉམ།  གཞུང་དྲང་།  ཁྲིམས་ལྡན་བཅས་ནི་སྤྱི་ཚོགས་ངོས་ཀྱི་རིན་ཐང་འཛིན་སྟངས་ཡིན་ལ།  རྒྱལ་གཅེས།  ལས་བརྩོན།  གཡོ་མེད། མཛའ་མཐུན་བཅས་ནི་སྤྱི་དམངས་སྒེར་གྱི་རིན་ཐང་ཚད་གཞི་ཡིན་པས།   གོང་གསལ་ཚིག་ཁྱིམ་24ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་ཡིན་པས།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱེད་པར་གཞི་འཛིན་སའི་རྨང་གཞིའི་ཚད་གཞི་ཞིག་མཁོ་འདོན་བྱས་པ་རེད།  ཅེས་བཀའ་སློབ་གནང་ཡོད།  ང་ཚོ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣ་རྣམས་ཀྱིས་《བསམ་འཆར་》གྱི་དགོངས་དོན་སློབ་སྦྱོང་ནན་ཏན་གྱིས་དེར་གོ་བ་གཏིང་ཟབ་བླངས་ནས།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱས་ཏེ།  བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཕྱིར་བྱས་རྗེས་སྔར་བས་མང་བ་འཇོག་དགོས། 
   རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ལས་ཀ་གཙོ་བོ་ཡིན་པས།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱ་རྒྱུ་ནི་ང་ཚོའི་འོས་འགན་གཡོལ་ཐབས་མེད་པ་ཞིག་རེད།  དེས་ན་ང་ཚོ་ནང་བསྟན་སློབ་གླིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱེད་པའི་བླ་ན་མེད་པའི་ལས་འགན་དེར་མཐོང་ཆེན་བྱས་ནས།  དེ་འབྲེལ་གྱི་ལས་དོན་རྣམས་ལེགས་པར་བསྒྲུབས་ཏེ།  ནང་བསྟན་སློབ་གླིང་ཞེས་བྱའི་སྐྱེད་མོས་ཚལ་འདིར་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་མེ་ཏོག་བཞད་ནས་འབྲས་བུ་སྨིན་ཐུབ་པ་བྱ་དགོས།《བསམ་འཆར་》ལ་སློབ་སྦྱོང་ནན་ཏན་བྱས་ནས་དེའི་དོན་གྱི་སྙིང་པོར་གོ་བ་གཏིང་ཟབ་བླངས་ཏེ།  གང་འདྲ་ཞིག་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་ཟེར་བ་ཤེས་པར་བྱ་རྒྱུ་དང་།  ཅི་འདྲ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱ་དགོས་པའི་སྐོར་ཤེས་པར་བྱ་རྒྱུ་ནི།   ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱེད་པའི་ལས་འགན་ཨང་དང་པོ་རེད།  རང་རེའི་སློབ་གླིང་གི་དབུ་ཁྲིད་ལས་བྱེད་རྣམ་པ་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་གིས་རང་ལ་རེ་བ་ནན་པོ་བཅོལ་ནས།  དེ་དོན་སྔོན་ལ་སློབ་སྦྱོང་བྱས་ནས་གཞན་གྱི་སྔོན་ལ་འགྲོ་ཐུབ་པ་བྱ་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་སློབ་འཁྲིད་ཀྱི་ནང་དོན་ལ་བཀོད་སྒྲིག་བྱ་རྒྱུ་ནི་དེ་དོན་སློབ་མ་རྣམས་ཀྱི་ཐུགས་ལ་འཇགས་པར་བྱེད་པའི་ལམ་བུ་ཉག་གཅིག་དང་མཐུན་རྐྱེན་བླ་ན་མེད་པ་ཞིག་ཡིན་པས།  ང་ཚོས་ངེས་པར་དུ་དེ་འབྲེལ་སྐོར་གྱི་དགེ་རྒན་དང་།  སློབ་དེབ།  སློབ་འཁྲིད་ལ་སོགས་ཀྱི་ལས་ཀ་རྣམས་ལེགས་པར་བསྒྲུབ་དགོས།《བསམ་འཆར་》ནང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་དང་།  མི་ཚེའི་ལྟ་བ།  ཀུན་སྤྱོད་ལྟ་བ་བཅས་གསལ་བཤད་གནང་ནས།  བསམ་བློའི་ཁྱབ་ཁོངས་ཐོག་ནས་གང་འདྲ་ཞིག་ལ་སྤྱི་ཚོགས་རིང་ལུགས་ཟེར་བ་གསལ་བཤད་གནང་ཡོད།  དེ་ཡང་ང་ཚོས་ཆོས་དོན་དགོངས་འགྲེལ་ལས་དོན་ལེགས་པར་སྒྲུབ་པའི་ལམ་སྟོན་སྒྲོན་མེ་ཞིག་ཡིན་པས།  ང་ཚོས་《བསམ་འཆར་》དེ་ཁྲིད་སྟོན་དུ་བཟུང་ནས།  ཆོས་དོན་དགོངས་འགྲེལ་ལས་དོན་གྱི་རྣམ་པ་གསར་དུ་གཏོད་ཐུབ་པའི་འབད་བརྩོན་བྱ་དགོས།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱི་ཁྲིད་སྟོན་འོག་དང་།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐད་ཀའི་ཁྲིད་སྟོན་འོག   སློབ་གླིང་གི་ལས་བྱེད་པ་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་ངང་《བསམ་འཆར་》གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་ཧུར་ཐག  རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣ་སྔར་བས་མང་བ་གསོ་སྐྱོང་བཅས་བྱས་ནས།  རང་རྒྱལ་ཀྱི་བོད་རིགས་ས་ཁུལ་ཁག་འཕེལ་རྒྱས་བརྟན་ལྷིང་དང་།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་སྟེ་ཀྲུང་གོའི་ཕུགས་འདུན་མངོན་གྲུབ་ཡོང་ཕྱིར་བྱས་རྗེས་སྔར་བས་མང་བ་འཇོག་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།