སི་ཁྲོན་དང་ཀན་སུའུ་གྲོང་རྡལ་ཀྲི་ཧྲུའུ་ནང་བསྟན་སློབ་གླིང་དུ་ཡོང་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས། 2016-09-06    རིག་འཛིན་དབང་མོས་བསྒྱུར།

ཟླ་11པའི་ཚེས་24ཉིན་སི་ཁྲོན་དཀར་མཛེས་དང་རྔ་བ་ཁུལ། ཀན་སུའུ་ཀན་ལྷོ་ཁུལ་བཅས་ཀྱི་གྲོང་རྡལ་ཀྲི་ཧྲུའུ་ལྟ་སྐོར་ཚོགས་པ་ངེད་སློབ་གླིང་དུ་ཐོན་ནས་ལྟ་སྐོར་བྱོས། ངེད་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལོའུ་ཧོང་ཅེ་ཡེས་ཡང་ཀང་ཐོག་ཁང་ཚོམས་ཆེན་དུ་ལྟ་སྐོར་ཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས།
 
ཡང་ཀང་ཐོག་ཁང་དུ་བཞུགས་མོལ་གནང་།

  བཞུགས་མོལ་ཁྲོད་ཡོན་ཀྲང་གཞོན་པ་ལོའུ་ཧོང་ཅེ་ཡིས་དགོན་སེར་ནུབ་མའི་ལོ་རྒྱུས་གནད་བསྡུས་འགྲེལ་བཤད་བྱེད་པ་དང་དགོན་པ་འདི་ནི་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་དཔང་པོ་ཡིན་པའི་དོན་སྙིང་གལ་ཆེན་ཡིན་པ་བསྟན། ད་རུང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ད་བར་གྱི་འཕེལ་རྒྱས་བརྒྱུད་རིམ་ཕྱིར་དྲན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་དང་སློབ་གླིང་གི་འཛུགས་སྐྲུན་ཕྱོགས་ལ་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱེད་ཡོད་པ་བསྟན་པ་དང་མཉམ་དུ། སློབ་གླིང་གིས་སློབ་མ་བསྡུ་བའི་རྒྱུགས་གཞི་དང་སློབ་ཚན་བཀོད་སྒྲིག མཐར་ཕྱིན་བྱ་གཞི་དང་ཤེས་ཡོན་ཅན་གྱི་ཐོབ་ཐང་གནང་བ་སོགས་ཕྱོགས་གང་མང་གི་ཁྱད་ཆོས་ངོ་སྤྲོད་བྱས་ཏེ། སློབ་གླིང་འདིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱང་ཚད་མཐོ་བའི་གྲྭ་བཙུན་གསོ་སྐྱོང་བྱེད་པའི་ཐད་བཞག་ཡོད་པའི་གལ་ཆེའི་གྲུབ་འབྲས་ཡང་བསྟན་ནོ། ཁོང་གིས་རེ་བ་ཡིན་ན། གྲོང་རྡལ་ཁག་གི་ཀྲི་ཧྲུའུ་རྣམ་པས་ས་གནས་རིམ་པའི་དགོན་སྡེའི་ཕུལ་བྱུང་གྲྭ་བཙུན་རྣམས་ལ་རིམ་པ་སོ་སོའི་ནང་བསྟན་སློབ་གླིང་ལ་རྒྱུགས་སྤྲོད་པར་སྐུལ་འདེབས་དང་འོས་སྤྱོར་བྱེད་པར། ཁོ་ཚོའི་ཡོན་ཏན་གོང་འཕེལ་དང་མིག་རྒྱ་ཆེ་བར་གཏོང་བ། ནུས་པ་ཡང་སྔར་ལས་ལེགས་པར་གྱུར་བར་ས་གནས་ཀྱི་གཏན་འཇགས་དང་འཕེལ་རྒྱས་ལ་ནུས་པ་ཐོབ་ཐུབ་པ་བསྟན་ནོ།།


 
དགོན་སེར་ནུབ་མར་ལྟ་སྐོར་བྱེད་པའི་རྣམ་པ།