ཧན་གོའི་ཐེ་གོའུ་ཙོང་ཏོ་ཧྲན་གྱི་མཁན་པོ་དང་བཅས་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚམས་འདྲིར་ཕེབས།

སྤེལ་དུས། 2016-09-06   

  ཟླ་5བའི་ཚེས་པ་13ཉིན། ཧན་གོའི་ནང་བསྟན་ཐེ་གོའུ་ཙོང་ཏོ་ཧྲན་གྱི་མཁན་པོ་དང་ཡོན་ཀྲང་གཞོན་པ་དགེ་བཤེས་ཧོ་མིན་དང་། ཐེ་གོའུ་ཙོང་གི་སྤྱི་གཉེར་པུའུ་ཀྲང་དགེ་བཤེས་དྲི་ཐེན་དང་། ཧན་གོའི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ཁང་གི་ལས་དོན སྤྱི་གཉེར་པ་ཅིན་དྲུང་ཀྲུའུ་བཅས་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕེབས། ཁྲ་ཧར་རིག་ཚོགས་ཀྱི་ཀྲུའུ་ཞི་དང་། མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ནྰ་ཚང་དང་ལོའུ་ཧོན་ཅེ། ཧོའུ་གོ་ཁྲོན་ཏེ་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་བིན་ཧྲིན་གྱིས་ཕེབས་རོགས་ཞུ་བ། མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ནྰ་ཚང་དང་ལོའུ་ཧོན་ཅེ་ཡིས་སློབ་གླིང་གི་ཚབ་བྱས་ནས་ཏོ་ཧྲན་མཁན་པོ་དང་བཅས་ཕེབས་པ་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ད་དུང་སྐུ་མགྲོན་ཚོར་སློབ་གླིང་གི་གཞི་རྩའི་གནས་ཚུལ་དང་བོད་བརྒྱུད་ནང་བསྟན་ཤེས་ཡོན་ཅན་གྱི་ཐོབ་ཐང་ལམ་ལུགས་འཛུགས་སྐྱོངགི་གནས་ཚུལ་སོགས་ངོ་སྤྲོད་བྱོས་ཏེ། སློབ་གླིང་གི་སྐབས་བཅུ་བའི་མཐོ་རིམ་ཤེས་ཡོན་ཅན་གྱི་ཐོབ་ཐང་དང་སྐབས་གཉིས་པའི་འབྲིང་རིམ་ཤེས་ཡོན་ཅན་གྱི་ཐོབ་ཐང་གི་ཆོས་རྩོད་རྒྱུགས་ལེན་བཞིན་པའི་གནས་ཚུལ་ལ་ལྟ་སྦྱོང་ཕེབས་རོགས་ཞུ།

  མཁན་པོ་ཏོ་ཧྲན་བཅས་གྱི་ཞི་ཧོན་དགོན་པའི་ཆིན་ཅིན་ཧྭ་མཆོད་རྟེན་ལ་མཇལ་སྐོར་སོང་བ་དང་ཞི་ཧོན་དགོན་པའི་དངོས་མང་བཤམས་སྟོན་ཁང་ལ་ལྟ་སྐོར་བྱོས། མཁན་པོ་ཏོ་ཧྲན་གྱིས་ཞི་ཧོན་དགོན་པས་རིག་རྫས་སྲུང་སྐྱོང་གི་ལས་དོན་ལ་བསྟོད་བསྔགས་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་རྩོད་རྒྱུགས་ལེན་དང་བོད་བརྒྱུད་ནང་བསྟན་རིག་གནས་ལ་སྤྲོ་སྣང་ཟབ་མོ་ཡོད་པ་བསྟན། ད་དུང་ཕན་ཚུན་ཕྱོགས་གཉིས་ཀྱིས་ནང་དོན་རིག་པའི་སློབ་གསོ་དང་ནང་བསྟན་རིག་གནས་སོགས་ཐད་ལ་མུ་མཐུད་དུ་རྗེས་རེས་བྱེད་པར་མཛའ་བརྩེ་དམ་ཟབ་མོར་གཏོང་བའི་རེ་འདུན་སྟོན།