“གོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པའི”རིག་གཞུང་ཞིབ་འཇུག་གི་གྲོས་ཚོགས་བསྡུས་པ།

སྤེལ་དུས། 2016-09-06   

  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོའི་གནའ་རབས་མི་རིགས་རྩོམ་རིག་ཞིབ་འཇུག་ཚོགས་པ། པེ་ཅིན་གྲོང་ཁྱེར་གྱི་གླིང་གའི་དོ་དམ་ལྟེ་གནས། པེ་ཅིན་གྲོང་ཁྱེར་གྱི་དགའ་ལྡན་བྱིན་ཆགས་གླིང་དོ་དམ་ཁྲུའུ། པེ་ཅིན་གྲོང་ཁྱེར་སྤོས་རིའི་གླིང་གའི་དོ་དམ་ཁྲུའུ་སོགས་ལས་ཁུངས་དག་གིས་མཉམ་དུ་བསྒྲུབས་པའི“གོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པའི”སྐོར་གྱི་རིག་གཞུང་ཞིབ་འཇུག་གི་གྲོས་ཚོགས་དེ་ཟླ་10པའི་ཚེས་10ཉིན་ནས་ཚེས་11བར་པེ་ཅིན་གྱི་སེར་མོ་བའི་དགོན་པ་སྟེ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས། རྒྱལ་ནང་ནས་ཕེབས་པའི་ལོ་རྒྱུས་རིག་པ་དང་མི་རིགས་རིག་པ། བོད་རིག་པ། ཆོས་ལུགས་མི་སྣ། རིག་གནས། དམངས་སྲོལ། སྐྱེད་ཚལ་རིག་གནས་སོགས་ཞིབ་འཇུག་ཁྱབ་ཁོངས་གང་མང་གི་མཁས་པ་དང་ཆེད་མཁས་པ་ལྔ་བཅུ་ལྷག་ཚོགས་འདུར་ཞུགས་ཡོད།
  པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པའི་ཡེ་ཤེས་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་གཙོ་ཡིན་ལ། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་ཡང་ཡིན། སྤྱི་ལོ1780ལོར།(ཆིན་གོང་མ་ཆན་ལུང་༤༥ལོར།)པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིན་དུ་ཕེབས་ནས་གོང་མ་ཆན་ལུང་གི་དགུང་ལོ་བདུན་བཅུའི་སྐྱེས་དཀར་ལ་རྟེན་འབྲེལ་བྱས་མྱོང་། དེ་ནི་གོང་མ་ཁང་ཞིས་ཀྱིས་པཎ་ཆེན་སྐུ་ཕྲེང་ལྔ་བ་ལ་པཎ་ཆེན་ཨེར་ཏི་ནེའི་ཆོ་ལོ་གནངས་པ་ནས་བཟུང་། ཐེངས་དང་པོར་པེ་ཅིན་དུ་མཇལ་འཕྲད་ཞུ་བར་ཕེབས་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ཡིན། དེའི་རྗེས་སུ་རྒྱལ་དབང་ལྔ་བ་ཆེན་པོ་ཡང་པེ་ཅིན་དུ་ཕེབས་པ་ནས་བཟུང་། གཏིང་ཟབ་ཅིང་ཡིན་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ཞིག་བསྐྲུན་པ་རེད། པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིན་དུ་ཕེབས་པ་དེས་བོད་ལྗོངས་ས་གནས་ཀྱི་རྒྱ་ཆེ་བའི་སྐྱ་སེར་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་ཡོང་བ་ལ་སྲུང་སྐྱོབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡོང་བའི་ཡིད་ཆེས་དང་འདུན་པའི་ཤུགས་ཇེ་ཆེར་བཏང་བ་མ་ཟད། ཀྲུང་དབྱངས་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་བར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཐད་ཀྱི་འབྲེལ་འདྲིས་ལ་སྔར་ལས་ཤུགས་བསྣན། ད་དུང་ཀྲུང་དབྱངས་སྲིད་གཞུང་གི་གཅིག་གྱུར་འགོ་བའི་དབང་ཟིལ་མཐོར་འདེགས་དང་སྲ་བརྟན་དུ་བཏང་སྟེ། སྟོབས་ཆེན་པོས་ཀྲུང་ཧྭ་མི་རིགས་སོ་སོ་ཕན་ཚུན་མཐུན་སྒྲིལ་ཡོང་བ་ལ་སྐུལ་འདེད་བྱས
   ཐེངས་འདིའི་གྲོས་ཚོགས་ལ་དཔྱད་རྩོམ་30ལྷག་སྤྲད་ཡོད་ཅིང་། ཚོགས་ཞུགས་མཁས་པ་དང་ཆོས་ལུགས་མི་སྣས་ཐུན་མོང་ཐོག་རྒྱལ་ནང་གི་མཁས་པ་ཚོས་འདོད་ཚུལ་སྟེ། གོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པའི་འབྲེལ་བའི་སྐོར་གྱི་བརྗོད་གཞི་འདི་ནི་ལོ་རྒྱུས་རིག་པ་དང་བོད་རིག་པའི་ཁྲོད་ཀྱི་རྣམ་པ་གསར་བ་ཞིག་ཡིན་པར་འདོད་པ་རེད། དེ་ལ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་གྱི་སྤྱི་ཁྱབ་འགན་ཁུར་བ་ལྷག་པ་ཕུན་ཚོགས་ཀྱིས་གསུངས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་འཚོགས་པ་ལ་རིག་གཞུང་གི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ད་དུང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་བྲལ་རིང་ལུགས་དང་། ནུབ་ཕྱོགས་ཀྲུང་རྒོལ་སྟོབས་ཤུགས་ལ་ངོ་རྒོལ་སོགས་བྱས་ཏེ། ལྗོངས་ཞིང་ལྔའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་འཕེལ་རྒྱས་བརྟན་བརླིང་ཡོང་བ་ལ། ཆབ་སྲིད་དང་སྤྱི་ཚོགས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་དེང་རབས་རྩོམ་རིག་ཁང་གི་འགན་ཁུར་བ་ཧྲུའི་ཡེ་དང་། ཆིན་རྒྱལ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་གྲགས་ཅན་ཡན་ཁྲོན་ཉན་གཉིས་ཀྱིས་བསྟན་པ་ལྟར་ན། འདི་འདྲིའི་གྲོས་ཚོགས་འཚོགས་དེས། པེ་ཅིན་ས་ཁུལ་དང་། ཐ་ན་རྒྱལ་ཡོངས་ཀྱི་བོད་དང་འབྲེལ་བའི་ས་གནས་སོ་སོའི་ལོ་རྒྱུས་འཛུགས་སྐྲུན་དང་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་དོ་དམ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་ཟེར།
    ཚོགས་འདུའི་སྐབས་སུ། མཁས་པ་དང་ཆེད་མཁས་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་མཉམ་དུ་ནུབ་ཀྱི་སེར་མོ་བའི་དགོན་པ་སྟེ། དགའ་ལྡན་བྱིན་ཆགས་གླིང་དང་སྤོས་རིའི་ལྷ་ཁང་སོགས་ལ་ཕེབས་ཏེ་ལྟ་སྐོར་དང་རྟོག་ཞིབ་གནངས།