བློ་མཐུན་ཞི་དྲུང་ཞུང་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་བར་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན།

སྤེལ་དུས། 2016-09-06   

  ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་ཕུལ་བྱུང་གི་ཏང་ཡོན་འམ། གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་བ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་བློ་མཐུན་ཞི་དྲུང་ཞུང་ལགས་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་འགོར་བའི་ལོ་ཡིན་ལ། ཁོང་གིས་ཡིན་རིང་བའི་དུས་ཚོད་ནང་དུ་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གྱི་འགན་བཞེས་པར། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་ཡང་བཙུགས་ཡོད། ང་ཚོས་ད་ལྟ་བློ་མཐུན་གྱིས་1989ལོའི་ཟླ་2བའི་ཚེས་20ཉིན་《མི་དམངས་ཚགས་པར་》དུ་འགོད་ཡོད་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ལ་མྱ་ངན་ཞུ་བའི་ཡི་གེ་དེ་ལ་བསྐྱར་དུ་ཀློག་ན་ཚོར་ཐུབ།
  བློ་མཐུན་ཞི་དྲུང་ཞུང་གིས་གསུངས་བ། པཎ་ཆེན་རིན་པོ་ཆེ་གློ་བར་ཏུ་གཤེགས་སོང་བར། ཀྲུང་གོ་གུང་ཁྲན་ཏང་ལ་ལྷག་བསམ་རྣང་དག་གི་གྲོགས་བཟང་ཞིག་བརླགས་ངེས། ང་རང་ཉིད་ཡང་ལོ་ངོ་40ལྷག་ལ་ལས་དོན་མཉམ་སྒྲུབ་གྱི་གྲོགསམཆོག་ཞིག་ཆད་སོང་། ཁོང་ཐེངས་འདིའི་བཀྲ་ཤིས་རྣམ་རྒྱལ་རབ་གནས་གནང་རུ་འགྲོ་བའི་སྔུན་དུ། ང་ལ་ཞལ་གྱེས་ཀྱི་ཁ་བཏགས་ཞིག་འབུལ་མྱོང་། ངས་ཁོང་གི་གཤིས་རྒྱུད་ལ་ཧ་ཅང་རྒྱུས་ཡོད་པར། ཁོང་ནི་རྣམ་རྒྱུན་སྤྲོ་སེམས་འཁོལ་བ་དང་བློ་རྒྱུད་ངར་བ་ཞིག་ཡིན་ལ། ལས་དོན་ལ་བཞུགས་དུས་ཚོད་འཛིན་མི་བྱེད་པ་ཞིག་ཡིན། འགྲོ་ཁར་ངས་ཁོང་ལ་དུས་ཚོགས་འདིའི་ནང་དུ་བོད་ལྗོངས་ཀྱི་དབྱང་རླུང་གི་མི་འདང་བར། ཁྱེད་རིང་གིས་ལུས་ཕུང་ལ་མཉམ་འཛོག་དང་ལེན་བྱོས་པའི་བཅོལ་གཏམས་མང་པོ་གནང་ཡོད་ཏེ། ཁོང་གིས་ཕྱིར་ང་ལ་བྱ་བ་འདི་སྒྲུབ་པ་ནི་ངའི་རེ་འདུན་ཆེས་ཆེ་བ་དེ་ཡིན་ཟེར། ཐེངས་འདིའི་ངོ་འཕྲད་པ་ཆེས་རྗེས་མ་ཡིན་པ་སུས་ཤེས། ངས་ཁོང་གིས་འབུལ་བའི་ཁ་བཏགས་བཟུང་ནས་སེམས་སྡུག་ཚད་མེད་བྱེད་པ་མ་གཏོགས་གང་ཐུབ་ཅི་ཐུབ་ཀྱི་དབང་ཏུ་ཤོར་སོང་། 

   
  བློ་མཐུན་ཞི་དྲུང་ཞུང་ལགས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་འཛུགས་པའི་ཚོགས་ཆེན་ལ་ཞུགས་པའི་རྣམ་པ།

  བློ་མཐུན་ཞི་དྲུང་ཞུང་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་བར་ཀྱི་ཡུན་རིང་བའི་ལས་དོན་གྱི་འབྲེལ་བའི་ཁྲོད་དུ། བློ་མཐུན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ཚབ་བྱེད་མི་སྣ་དང་མཉམ་དུ་ལས་དོན་མཉམ་སྒྲུབ་ཁྲོད་ཀྱི་སྙིང་སྟོབ་དང་ཚད་གཞི་ང་ཚོས་ངེས་པར་ཏུ་རྟོག་ཐུབ།
                དང་པོ། ཆོས་ལུགས་ལས་རིགས་ཀྱི་ཚབ་བྱེད་མི་སྣ་ལ་འགན་འཁུར་ཕོད་པའི་སྙིང་སྟོབས་ལྡན་པ།
  1962ལོའི་ཟླ་5བའི་ནང་ལ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་《གཏམ་བཤད་ཁྲི་བདུན།》ཅན་ཞིག་་སྤེལ། ཁོང་གིས་ཆ་ཚང་བ་དང་གོ་རིམ་ལྡན་པའི་སྒོ་ནས་བོད་ལྗོངས་དང་བོད་ཁུལ་གཞན་པའི་ལས་དོན་ཚང་མ་ལ་སྐྱོན་ཡོན་དང་བསམ་འཆར་འདོན་དེ། བློ་མཐུན་ཞི་དྲུང་ཞུང་གིས་ལྟ་བ་ལྟར་ན། རིན་པོ་ཆེ་ཁོང་གིས་བསམ་འཆར་མང་ཤོས་གནས་ལུགས་ལྡན་པ་ཡིན། ཀྲུང་དབྱངས་ཕྱོགས་ཀྱིས་ཡང་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུའུ་ཙུང་ལིའུ་ཡིས་ཐེངས་མང་པོར་བློ་མཐུན་ལ་རིན་པོ་ཆེ་དང་ཁ་བརྡ་བྱོས་པའི་བཀའ་མངགས་མནང་། རིན་པོ་ཆེ་ཡིས་ཏང་ཀྲུང་དབྱངས་ལ་སྦས་གསང་མེད་པར་བསམ་འཆར་བཤད་པའི་སྙིང་སྟོབས་ལ་ཁས་ལེན་ཀྱིན་ཡོད། དེ་ནས་བློ་མཐུན་ཞི་དྲུང་ཞུང་བཅས་པའི་འགོ་ཁྲིད་རྣམས་པའི་མཉམ་དུ་ཞིབ་འཇུག་བརྒྱུད་ནས་བོད་ལྗོངས་ལས་དོན་ཁྲོད་ཀྱི“གཡོན་ཕྱོགས་ཀྱི་ནོར་འཁྲུལ“འགོག་པ་དམིགས་སུ་བཟུང་བའི་ཡིག་ཆ་སྒྲུབ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་ཆོག་མཆན་གནང་། འོནཀྱང་། ཡིན་རིང་མ་འགོར་བར་པེ་ཏའེ་ཧོ་རུ་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱ་ཆེའི་ཚོགས་འདུ་དང1962་ལོའི་ཟླ9བའི་ཀྲུང་གུང་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་ཚོགས་འདུའི་ཐོག་ཏུ། བློ་མཐུན་ཞི་དྲུང་ཞུང་གིས་《གཏམ་བཤད་ཁྲི་བདུན》གྱི་གནད་དོན་ཐད་ལ་རྒྱ་ཡན་དུ་གཏོང་བའི་རྣམ་འགྱུར་ལ་སྐྱོན་བརྗོད་པར། དེའི་རྗེས་སུ། བློ་མཐུན་ཞི་དྲུང་ཞུང་ལ་མཐའ་དཔྱོད་དང་ཞིབ་བཤེར་ཐེབས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། པཎ་ཆེན་རིན་པོ་ཆེ་ཡིས་བློ་མཐུན་ཞི་དྲུང་ཞུང་མཐོང་དུས་ཁོང་《གཏམ་བཤད་ཁྲི་བདུན》གྱིས་ཞོར་ཕུལ་བྱུང་བར་ཤིན་དུ་དགོངས་དག་ཞེས་གསུངས། བློ་མཐུན་ཞི་དྲུང་ཞུང་གིས་འདི་དག་ཚང་མ་ནི་“གཡོན་”ལྷུང་ནོར་འཁྲུལ་འབྱུང་སྲིད། ང་ཚོ་ཚང་མ་ལ་སྦྱོང་བརྡར་དང་ཉམས་སད་ཐེབས་ཡོད།  བློ་མཐུན་ཁོང་གིས་རང་ཉིད་ཀྱི་ལག་ལེན་ཁྲོད་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྒྲུབ་ན་བརྙས་ཁུར་འགན་སྒྲུབ་ཀྱི་སྙིང་སྟོབས་ལྡན་དགོས་པ་དེ་ང་ཚོ་ལ་དངོས་པར་དུ་བརྗོད་ཡོད།
     གཉིས་པ། ཆོས་ལུགས་ཀྱི་ཚབ་བྱེད་མི་སྣ་གསོ་སྐྱོང་བྱེད་པར་རྒྱལ་ཁབ་འགོ་ཁྲིད་དང་ཆོས་ལུགས་གཙོ་འཛིན་བར་གྱི་འབྲེལ་བ་ཡག་པོ་བྱེད་པའི་རྩ་དོན་དམིགས་སུ་བཟུང་བ།
  1982ལོའི་ཟླ3པའི་ནང་དུ།  ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་བློ་མཐུན་ཞི་དྲུང་ཞུང་ལ་འཕྲིན་སྐུར་བར་ཧོའུ་ཡོ་པང་ལ་བརྒྱུད་དེ།  འོས་འཚམ་ཡིན་དུས་བོད་ལྗོངས་དང་ཀན་སུའུ་དང་། ཡིན་ནན་ལ་གཟིགས་ཞིབ་ཏུ་ཕེབས་ཐུབ་པའི་རེ་བ་སྟོན། བློ་མཐུན་ཞི་དྲུང་ཞུང་གིས་བལྟས་ཚར་རྗེས་བློ་མཐུན་ཧོའུ་ཡོ་པང་ལ་བརྒྱུད་པར། ཕྱི་ཉིན། ཧོའུ་ཡོ་པང་གིས་པཎ་ཆེན་རིན་པོ་ཆེའི་རེ་འདོད་ལ་འཐད་པར། བློ་མཐུན་ཞི་དྲུང་ཞུང་གིས་ཁོང་ལ་བསམ་བློ་ཕྱོགས་ནས་ཨུ་ཡོན་ཀྲང་གཞོན་པའི་ཐོབ་ཐང་དང་པོ་འཛིན་པ་དང་དེ་ནས་ཆོས་ལུགས་གཙོ་འཛིན་ཡིན་པ་ཤེས་དགོས་པ་དང་། སྥྱི་ཚོགས་རིང་ལུགས་ཀྱི་འཐབ་ཕྱོགས་ལ་མཐུན་པར་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ལ་བསམ་གཞིགས་གཏོང་དགོས་ཞེས་རིན་པོ་ཆེ་ལ་གནང་། བློ་མཐུན་ཞི་དྲུང་ཞུང་གིས་ཁ་བརྡའི་ཏང་གིས་ཆོས་ལུགས་གཙོ་འཛིན་གསོ་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་བླང་བྱ་དང་། གསོ་སྐྱོང་ཐབས་ལམ་དང་ཚད་གཞི་སོགས་མཚོན་ནོ།
  གསུམ་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པར། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ནུས་པ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁྲོད་དུ་དངོས་སུ་བེད་སྤྱོད་ཐུབ་པ།
  1986ལོའི་ཟླ་4བའི་ཚེས24ཉིན་ལ། པཎ་ཆེན་རིན་པོ་ཆེ་དང་ཀྲོ་ཕུ་ཁྲུའུ་ཡིས་བློ་མཐུན་ཞི་དྲུང་ཞུང་བཅས་པའི་ཀྲུང་དབྱངས་འགོ་ཁྲིད་རྣམས་ལ་པེ་ཅིན་ཞུ་ཧོང་དགོན་དུ་སྤྲུལ་སྐུའི་འཛིན་གྲྭ་བཙུགས་པའི་སྙན་ཞུ་སྤེལ། ཟླ་5བའི་ཚེས་10ཉིན་ལ་བློ་མཐུན་ཞི་དྲུང་ཞུང་གིས་ཀྲུང་དབྱངས་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་མཆན་བཀོད་ལྟར་དམ་འཛིན་དོན་འཁྱོལ་བྱོས། དེ་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དབུ་བརྙེས་པ། བློ་མཐུན་ཞི་དྲུང་ཞུང་ད་དུང་དངོས་སུ་1987ལོའི་ཟླ9 བའི་ཚེ 1ཉིན་པེ་ཅིན་ཞུ་ཧོང་དགོན་དུ་འཚོགས་པའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བཙུགས་པའི་ཚོགས་ཆེན་རུ་ཕེབས། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་པ་དེས་ བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ལ་བླ་སྤྲུལ་དང་དགེ་བདུན་པ་སྟོང་ཕྲག་འགའ་གསོ་སྐྱོང་བྱོས་ཡོད་ལ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བའི་ཕྱོགས་ལ་ཕན་ནུས་ཆེན་པོ་ཐོབ་ཡོད།
  བཞི་བ། ཆོས་ལུགས་གཙོ་འཛིན་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དམ་གཅིག་སེམས་གཅིག་གཏད་ཀྱི་བསམ་པའི་ཡུལ་ཁམས་བསྐྲུན།
  བློ་མཐུན་ཞི་དྲུང་ཞུང་གིས་1980ལོ་ནས་བཟུང་། ཀྲུང་དབྱང་གི་མི་རིགས་དང་ཆོས་ལུགས་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་བཞུས། ཁོང་གིས་ཆོས་ལུགས་གཙོ་འཛིན་དང་གཅིག་སེམས་གཅིག་གཏད་དང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་ལས་དོན་སྒྲུབ་པར། ཆོས་ལུགས་ལས་རིགས་གས་ཀྱི་མི་སྣ་ཚང་མས་ཡིད་ཆེས་ཟབ་མོར་ཐོབ་ཡོད། བློ་མཐུན་ཞི་དྲུང་ཞུང་ཆོས་ལུགས་ཁག་གི་མི་སྣ་དང་གྲོགས་པོ་སྒྲིག་པ་ལ་མཁས་ཤིང་། བྱ་བའི་མཉམ་སྒྲུབ་ཁྲོད་ཁོང་ཚོས་གང་ལེགས་ཀྱིས་ཧུར་བརྩོན་བྱེད་ཡོད་པར་། ང་ཚོར་དེ་རིང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་བློ་མཐུན་འོད་སྟོང་འབར་བའི་མིག་དཔེ་བཞག་ཡོད། བློ་མཐུན་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་འདིར། ཁོང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁྲོད་དུ་བཞག་ཡོད་པའི་འོད་སྟོང་འབར་བའི་བསམ་བློ་ལ་སློབ་སྦྱོང་དང་དར་སྤེལ་བྱེད་པ་ནི་ང་ཚོས་ཁོང་དྲན་གསོ་ཞུ་བའི་ཆེས་ལེགས་པའི་རྣམ་པ་ཡིན་ནོ།